༸གོང་ས་མཆོག་གིས་དབྱིན་ཇིའི་གྲོས་ཚོཊ་ནང་བོད་དོན་ཐོག་བཀའ་མོལ་རྒྱུ་ཡིན་པ།
དབྱིན་ཇིའི་གྲོས་ཚོགས་ནས་༸གོང་ས་མཆོག་ལ་་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཀའ་མོལ་གནང་བར་གདན་ཞུ་ཕུལ་འདུག
-
2008-04-23 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སྤྱི་ཟླ ༥ པའི་ཚེས་ ༢༢ ཉིན་ཆིབས་བསྒྱུར་བསྐྱང་རྒྱུར་ངེས་པ་ལྟར་དེ་སྐབས་དབྱིན་ཇིའི་ཕྱི་འབྲེལ་ལྷན་ཁང་གི་ཁོངས་སུ་གཏོགས་པའི་
གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་སྤྱི་ལོ་ ༢༠༠༨་ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་
གླེང་མོལ་ཞིག་གནང་གི་ཡོད་པ་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ངོ་མའི་ཞལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཀའ་མོལ་གནང་བར་གདན་ཞུ་ཕུལ་དོན་བཞིན་༧གོང་ས་མཆོག་ནས་ཀྱང་དེ་ལྟར་ཕེབས་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད། དབྱིན་ཇིའི་སྲིད་བློན་ ཇོར་ཌེན་ བྷ་རའུན་ མཆོག་གིས་ཟླ་བ་སྔ་མ་དེར་གསུངས་དོན་ལྟར་༧གོང་ས་མཆོག་དབྱིན་ཡུལ་དུ་ཞབས་སོར་འཁོད་སྐབས་མཇལ་འཕྲད་ཞུ་ གནང་གི་ཡིན་ཞེས་གསུངས་པ་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་ནའང་རྒྱ་ནག་གི་ཕྱོཊ་ནས་དེར་སྐྱོན་འཛུགས་ཞུ་བཞིན་དབྱིན་ཇིའི་དང་རྒྱ་ནག་གི་འབྲེལ་བ་ལའང་དོ་ཕོག་འགྲོ་ཉེན་ཡོད་པའི་གནས་ཚུལ་འཁོད་འདུག།