བྱིས་པའི་བདེ་དོན་ཚོགས་པ་དབུ་བརྙེས་བའི་ཚོགས་མགོན་དུ་བཞུགས་རྒྱུ།

བྱང་ཨཡིར་ལེནཌ་བྱིས་པའི་བདེ་དོན་ཚོགས་པ་དབུ་བརྙེས་པའི་དུས་དྲན་སྐབས་༧གོང་ས་མཆོག་དང་གློག་བརྙན་འཁྲབ་སྟོན་པ་ལྕམ་Joanna Lumley་མཉམ་བཞུགས་གནང་རྒྱུ་རེད།

དམག་འཁྲུག་ནང་ལྷུང་བའི་ཕྲུ་གུ་ལྟ་སྐྱོང་ཚོགས་པའི་འགན་འཛིན་(Richard Moore)་དང་༧གོང་ས་མཆོག པར་ཚགས།

བྱང་ཨཡིར་ལེནཌ་བྱིས་པའི་བདེ་དོན་ཚོགས་པ་དབུ་བརྙེས་པའི་དུས་དྲན་སྐབས་༧གོང་ས་མཆོག་དང་གློག་བརྙན་འཁྲབ་སྟོན་པ་ལྕམ་Joanna Lumley་མཉམ་བཞུགས་གནང་རྒྱུ་རེད།
དམག་འཐབ་ཁྲོད་ཀྱི་བྱིས་པ་ཞེས་དབྱིན་སྐད་ནང་(Children in Crossfire)་ཟེར་བའི་འཛམ་གླིང་ནང་ཕྲུ་གུའི་བདེ་དོན་ལ་དམིགས་པའི་དགེ་རྩ་ཚོགས་པ་དེ་དབུ་བརྙེས་ནས་ལོ་༢༠་འཁོར་བའི་དུས་དྲན་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་དང་ལྷན་དུ་དབྱིན་ཇིའི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་ལྕམ་Joanna Lumley ལགས་ཀྱང་མཉམ་ཞུགས་གནང་རྒྱུ་རེད་འདུག
དུས་དྲན་དེ་དང་འབྲེལ་་ཟླ་༩་འི་ཚེས་༡༠་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་ལག་ལེན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་སྩལ་རྒྱུ་ཡིན་འདུག་པ་དང་། ༧གོང་ས་མཆོག་དུས་དྲན་དེའི་ཐོག་ཆེས་མཐོའི་སྐུ་མགྲོན་དུ་གདན་འདྲེན་ཞུས་ཡོད་འདུག
གོང་ཞུས་དབྱིན་ལེནཌ་གྱི་གློག་བརྙན་ཁྲབ་སྟོན་མ་(Joann Lumbley)་ཡིས། ཁོང་ཕྲུ་གུའི་བདེ་དོན་ཆེད་ཀྱི་ཐེབས་རྩ་ཁང་དེས་མགྲོན་འབོད་གནང་པ་ནི་དགའ་སྤོབས་ཞུ་འོས་པ་ཞིག་རེད་ཅེས་དང་། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་བྱམས་བརྩེའི་ལག་ལེན་གྱི་ནུས་པ་མཁྱེན་རྟོགས་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་རེད་ལ། ངོས་རང་རྒྱལ་སྤྱིའི་ནང་མགོན་མེད་ཕྲུ་གུའི་བདེ་དོན་ཐད་སེམས་སྐུལ་ཐེབས་པའི་
ཕྱག་ལས་གནང་མཁན་གྱི་ངོ་མཚར་ཅན་གྱི་དགེ་རྩ་ཚོགས་པ་འདི་དང་འབྲེལ་བ་བྱུང་བར་བརྗོད་དུ་མེད་པའི་དགའ་ཚོར་བྱུང་ཅེས་བརྗོད་འདུག
དམག་འཐབ་ཁྲོད་ཀྱི་བྱིས་པ་ཞེས་པ་དེ་ནི་བྱང་ཨཡིར་ལེནཌ་ཁུལ་ཕྲུ་གུའི་བདེ་དོན་ཆེད་ས་གནས་གྱི་དགེ་རྩ་ཚོགས་པ་ཞིག་ཡིན་ན་ཡང་རྒྱལ་སྤྱིའི་ཐོག་ལས་འཆར་འདྲ་མིན་སྤེལ་མཁན་ཞིག་རེད་འདུག
ཚོགས་པ་དེ་༡༩༩༦་ལོ་གསར་བཙུགས་པ་ཞིག་ཡིན་པ་དང་། ད་བར་དུ་ལུང་པ་བཅུ་ཙམ་གྱི་ནང་ཕྲུ་གུའི་བདེ་དོན་ཆེད་དུ་དབྱིན་ལེན་གྱི་Pound་ས་ཡ་༢༥་ཡི་མ་གནས་བསྡུ་རུབ་ཀྱི་ལས་དོན་གནང་ཡོད་འདུག
ཚོགས་པ་དེའི་འགན་འཛིན་(Richard Moore)་ཞེས་པ་ཁོང་ཆུང་དུས་དབྱིན་ཇིའི་དམག་མིའི་འགྱིག་གི་མདེའུ་མིག་ལ་ཕོགས་ཏེ་ལོང་བར་གྱུར་ཞིང་། ནར་སོན་སྐབས་ཕྲུ་གུའི་བདེ་དོན་སྤྱི་དང་ལྷག་པར་དུ་དམག་འཐབ་ཁྲོད་ཚུད་པའི་བྱིས་པའི་བདེ་དོན་ཐད་ཕྱག་ལས་གནང་རྒྱུའི་དམིགས་ཡུལ་ཐོག་ནས་ཚོགས་པ་དེ་བཙུགས་པ་ཞིག་ཡིན་འདུག་ཅིང་། ཁོང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org