༧གོང་ས་མཆོག་གི་མཚན་ཐོག་སློབ་ཡོན་གྱི་མཐུན་འགྱུར་རོགས་རམ།
Dayananda Sagar་གཙུག་ལག་སློབ་གྲྭ་ཆེན་མོས་བོད་པའི་སློབ་ཕྲུག་ཚོར་ཚད་མཐོའི་སློབ་ཡོན་རོཊ་རམ་གྱི་མཐུན་འགྱུར་གནང་གི་ཡོད་པ་རེད།
-
2015-02-03 -
-
-
Dayananda Sagar་གཙུག་ལག་སློབ་གྲྭ་ཆེན་མོས་བོད་པའི་སློབ་ཕྲུག་ཚོར་ཚད་མཐོའི་སློབ་ཡོན་རོཊ་རམ་གྱི་མཐུན་འགྱུར་མཁོ་སྤྲོད་གནང་གི་ཡོད་པ་རེད།
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་Bangloreནང་དུ་ཡོད་པའི་Dayananda Sagarགཙུག་ལག་སློབ་གྲྭ་ཆེན་མོ་དེ་ནས་བོད་པའི་སློབ་ཕྲུག་ཚོར་སྨན་དང། འཛིན་སྐྱོང་། འཕྲུལ་རིག་ལག་རྩལ་སོགས་རིགས་གཅིག་རྐང་འཛིན་གྱི་ལས་རིགས་ཁག་ཅིག་ཐོག་ལ་སློབ་སྦྱོང་བྱ་རྒྱུར་༧གོང་ས་ཏཱ་ལའི་བླ་མའི་མཚན་ཐོག་སློབ་ཡོན་གྱི་མཐུན་འགྱུར་མཁོ་སྤྲོད་གནང་གི་ཡོད་པ་མ་ཟད། རིན་མེད་སློབ་ཡོན་གྱི་གོ་སྐབས་ཐོབ་མཁན་ཚོར་སློབ་ཡོན་བརྒྱ་ཆ་༩༠འམ་རྒྱ་གར་གྱི་སྒོར་མོ་ས་ཡ་༥༠རོགས་རམ་གནང་གི་ཡོད་པ་རེད།
འོན་ཀྱང་དེའི་ནང་འཛུལ་ཞུགས་བྱེད་པར་ཚུད་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་པ་དང་། གལ་ཏེ་རིན་མེད་ཀྱི་སློབ་ཡོན་གྱི་མཐུན་འགྱུར་དགོས་མཁན་ཚོར་ངེས་པར་དུ་ཕྱི་ཟླ་གསུམ་པའི་ཚེས་༣༡ནང་ཚུད་ལ་སྙན་ཞུ་ཕུལ་ཟིན་པ་དགོས་པ་དང་། ཕྱི་ཟླ་བཞི་པའི་ནང་དུ་ཚུད་རྒྱུགས་བཏང་བའི་སྦྱང་འབྲས་ལ་གཞིགས་ནས་འདེམས་སྒྲུག་གནང་གི་ཡོད་པ་རེད། དོ་བདག་ཞུགས་བློ་ཡོད་མཁན་སློབ་ཕྲུག་༧༥ ལ་གོ་སྐབས་ཐོབ་ཀྱི་ཡོད་པ་ལྟར། BSསྨན་ཞབས་སོགས་ཚུད་པའི་སློབ་ཕྲུག་༧༥ ལ་སློབ་ཡོན་གྱི་རོགས་རམ་གནང་གི་ཡོད་ཅིང། གལ་ཏེ་གནས་ཚུལ་ཞིབ་ཕྲ་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་དྲ་རྒྱའི་ཁ་བྱང་www.dayanandasagar.eduཐོག་ནས་གཟིགས་ཐུབ་པའི་མཐུན་འགྱུར་བསྐྲུན་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་བཏང་བར་གསན་རོགས།
དེ་བཞིན་ཡང་སློབ་ཡོན་ཞུ་ཕྱོགས་སོགས་ཀྱི་ཐད་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་བར་གསན་རོགས།