རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་ཐེངས་ལྔ་བ།

རྒྱ་གར་ཨ་སམ་གྷོ་ཧ་ཌིའི་ནང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་འཚོགས་གནང་གི་ཡོད་པ།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༥།༡༠།༣༡ tibet.net

རྒྱ་གར་ཨ་སམ་གྷོ་ཧ་ཌིའི་ནང་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་འཚོགས་གནང་གི་ཡོད་པ།
དེ་ཡང་དེ་རིང་ཕྱི་ཚེས་༢ནས་འགོ་འཛུགས་ཀྱི་ཉིན་གྲངས་གཉིས་རིང་། རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཌིའི་ནང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་འཚོགས་གནང་གི་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས་༣༡ཉིན་གོང་ཞུས་གྲོང་ཁྱེར་དེའི་ནང་བསྐྱང་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁི་རི་མེ་RK Khrimeyལགས་ཀྱིས། དང་པོ། ཆབ་སྲིད་ཐོག་ནས་བཤད་ན། ད་ལྟ་རྒྱ་གར་བྱང་ཤར་ཁུལ་གྱི་ས་མཚམས་ཁག་མང་པོར་རྒྱ་གར་གཞུང་གི་བདེ་འཇགས་སྲུང་སྐྱོབ་ཆེད་འགྲོ་གྲོན་ཧིན་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་བཞིན་ཡོད། ཅི་སྟེ་བོད་དོན་བདེན་མཐའ་གསལ་བ་ཡིན་ན། ཉིན་དེ་ནས་བཟུང་འགྲོ་གྲོན་དེ་དག་གཏོང་དགོས་དོན་མེད་པར་སོང་། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་བའི་བདེ་འཇགས་ཀྱི་གནད་དོན་ཞིག་ཀྱང་ཆགས་ཡོད།
གཉིས་པ། ད་ལྟའི་ཆར་རྒྱ་གར་བྱང་ཤར་ས་ཁུལ་དང༌བོད་གཉིས་དབར་ཕར་འགྲོ་ཚུར་འོང་བྱེད་ཐུབ་ཀྱི་མེད་པ་དང་། གལ་སྲིད་བོད་ཀྱི་གནད་དོན་སེལ་བ་ཡིན་ན། རྒྱ་གར་བྱང་ཤར་ས་ཁུལ་དེ་དག་ཚོང་འབྲེལ་གྱི་བསྟི་གནས་ཤིག་ཏུ་འགྱུར་རེ་ཡོད་པ།
གསུམ་པ་རིག་གཞུང་གི་ཐོག་ནས། འཕགས་བོད་གཉིས་དབར་བླ་མ་དང་སློབ་མའི་འབྲེལ་ཡོད་པ་དེ་ད་དུང་བརྟན་པོ་དང་། གཏིང་ཟབ་ཏུ་འགྲོ་ངེས་ཡིན་པར་སོང༌། གནད་དོན་འདི་དག་རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་ཚོའི་ཤེས་ཐུབ་པ་བཟོ་རྒྱུའི་ཆེད་ད་ལམ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཌིའི་ནང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་འཚོགས་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཆེ་བསྟོད་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org