ཨོ་སི་ཏྲེ་ལི་ཡའི་ནང་བོད་མིའི་ཚོགས་ཆེན་ཐེངས་ལྔ་པ།

ཨོ་སི་ཏྲེ་ལི་ཡའི་མེལ་བོན་གྲོང་ཁྱེར་ནང་ཁུལ་དེའི་བོད་མིའི་ཚོགས་ཆེན་ཞིག་་གནང་ཡོད་པའི་སར་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་བཞག་གནང་བ།

2012.04.11

༄༅༎ཨོ་སི་ཏྲེ་ལི་ཡའི་མེལ་བོན་གྲོང་ཁྱེར་ནང་ཁུལ་དེའི་བོད་མིའི་ཚོགས་ཆེན་ཞིག་་གནང་ཡོད་པའི་སར་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་བཞག་གནང་འདུག
ཨོ་སི་ཏྲེ་རི་ལི་ཡའི་བོད་རིགས་ཚོགས་པས་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་ ༦ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཁུལ་དེའི་བྱང་ཕྱོགས་ཧི་སི་ལྦེལ་ཞེས་པའི་ས་གནས་སུ་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌིར་གནས་སྡོད་བོད་མིའི་སྐུ་ཚབ་ཁྱོན་མི་གྲངས་ ༢༥༠ ལྷག་ལྷན་འཛོམས་ཐོག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་ཚོགས་གནང་འདུག།
ཚོགས་ཆེན་དེའི་ཐོག་སྐུ་མགྲོན་གཙོ་བོ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་མ་ཟད། ཁོང་གིས་བོད་མི་རྣམས་བཙན་བྱོལ་ལ་ཡོང་དགོས་དོན་དང་། ད་ལྟ་ཁུལ་དེར་གནས་སྡོད་བོད་མི་རྣམས་ནས་ཕན་ཚུན་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་བོད་ཀྱི་རྩ་དོན་ཆེད་ནུས་པ་མཉམ་སྤུངས་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་འདུག
ཐེངས་འདིའི་ཨོ་སི་ཏྲེ་རི་ལི་ཡ་དང་ནིའུ་ཛི་ལན་ཌིའི་ནང་གནས་སྡོད་བོད་མི་རྣམས་ནས་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་ཚོགས་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་བྱ་རྒྱུ་སྤྱི་དང་། ཡང་སྒོས་བོད་མི་སུ་རུང་གིས་མ་འོངས་པར་རྒྱ་མིའི་གཞུང་ཚབ་ཁང་དང་རྒྱ་མིའི་ལོ་གསར། མཛད་སྒོ། དེ་བཞིན་རྒྱ་ནག་གཞུང་གི་སྐུ་ཚབ་མཉམ་ཐུག་རྒྱུའི་གནས་ཚུལ་དེ་རིགས་ལ་མཉམ་ཞུགས་བྱེད་མཁན་བྱུང་ཚེ། ཨོ་སི་ཏྲེ་རི་ལི་ཡའི་བོད་མིའི་སྐྱིད་སྡུག་ནས་ཕྱིར་ཕུད་བྱ་རྒྱུ་སོགས་ཀྱི་དོན་མཚན་ལྔ་ཅན་གྱི་གྲོས་ཆོད་བཞག་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎