རྒྱ་ནག་གུང་ཁྲན་ཚོཌ་པ་བཙུཌ་ནས་ལོ་༩༠འཁོར་བ།

རྒྱ་ནག་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་ངོ་དགུ་ཅུ་འཁོར་པའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚུགས་པ།

༄༅༎རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལྦུའུ་ཇིང་ཐའོ་ཡིས་རྒྱ་ནག་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱས་ནས་དབང་ཆ་དེ་མི་སྒེར་ཉུང་ཤས་ཀྱིས་སྲིད་དབང་སྒེར་གཅོད་བྱས་ན་འགྲིག་གི་མེད་ལུགས་ཉེན་བརྡ་བཏང་ཡོད་འདུག 

དེ་རིང་ཕྱི་ཟླ་བདུན་པའི་ཚེས་༡ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་ངོ་དགུ་ཅུ་འཁོར་པའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོ་ཚུགས་ཡོད་པ་དང་ དེའི་ཐོག་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལྦུའུ་ཇིང་ཐའོ་ཡིས་གཏམ་བཤད་སྤེལ་བའི་སྐབས་ རྒྱ་ནག་གུང་ཁྲན་ཚོགས་པའི་ལོ་རྒྱུས་ཐོག་ནོར་འཁྲུལ་བྱུང་མྱོང་དང་ དཀའ་ངལ་ཆེ་བའི་གནས་སྟངས་ཀྱང་བྱུང་མྱོང་ཡོད་ལུགས་གསལ་སྟོན་བྱས་ནས་ནོར་འཁྲུལ་དང་དཀའ་ངལ་བྱུང་དགོས་ཡས་ཀྱི་རྒྱུ་རྐྱེན་ནི་སྐབས་དེའི་བསམ་བློའི་སློབ་གསོ་དང་ རྒྱ་ནག་གི་དོན་དངོས་གནས་ཚུལ་མི་མཐུན་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་ དེ་ནི་རྒྱ་ནག་གུང་ཁྲན་ཚོགས་པས་དེ་ནམ་ཡང་བརྗེད་རྒྱུ་མེད་པ་རེད་ཅེས་དང་ ད་དུང་ལྦུའུ་ཇིང་ཐའོ་ཡིས་ཕྱི་ཚུལ་གྱི་ཁོར་ཡུག་གནས་སྟངས་དེ་བཞིན་རྒྱུན་རིང་དང་ རྙོག་ཟིང་ཆེ་བ་ཞིག་ཡིན་སྟབས་  རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་ཀྱི་དབང་འཛིན་ཆུ་ཚད་དང་ ལྐོག་ཟ་རུལ་སུངས་ལ་སྔོན་འགོག་ནུས་པ་མཐོ་རུ་གཏོང་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་ཅིང་ རྒྱ་ནག་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་ངོ་དགུ་བཅུ་འགྲོ་གི་ཡོད་པའི་བརྒྱུད་རིམ་ནང་རྒྱ་ནག་དེ་བཞིན་སྟོབས་འབྱོར་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ལམ་ལུགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལུགས་གཏམ་བཤད་སྤེལ་ཡོད་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org