རང་ལུས་མེར་བསྲེག་གིས་ངོ་རྒོལ་བ་ཆོས་འཕེལ་འདས་གྲོངས།

རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཆོས་འཕེལ་ལགས་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་འདུག

2011.10.11

༄༅༎ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཆོས་འཕེལ་ལགས་། རང་ལོ་ ༡༩ ཡིན་པ་ཁོང་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་པ་ བཞུགས་སྒར་རྡ་རམ་ས་ལ་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་གནས་ཚུལ་སྤེལ་འདུག།
སླར་ཡང་ཆོས་འཕེལ་ལགས་ཀྱི་ནང་མི་ཚོས་འབྲེལ་ཡོད་རྒྱ་མིའི་ལས་ཁུངས་ལ་ ཁོང་གི་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་འདུག་ཀྱང་ད་བར་སྤྲད་མེད་པ་དང་ ཆོས་འཕེལ་ལགས་དང་མཉམ་དུ་རང་ལུས་མེར་བསྲེགས་གཏོང་མཁན་འདས་གྲོངས་སུ་གྱུར་པ་མཁའ་དབྱིངས་ལགས་ཀྱི་ནང་མིར་བཤད་པ་ལྟར་དགེ་འདུན་པ་ལྔ་ལས་མང་བ་དུས་གཅིག་ལ་གདན་འདྲེན་ཞུ་མི་ཆོག་པ་དང༌། རྔ་པ་མི་མང་སེམས་གསོ་བྱེད་པར་གཏོང་གི་མེད་པ་སོགས་སྔར་ལས་ལྷག་པའི་དམ་བསྒྲཌ་ཆེན་པོ་བྱེད་མུས་ཡིན་འདུག
དེ་རིང་ཕྱི་ཚེས་ ༡༡ ཉིན་བོད་ཚེས་ ༡༥ འཁེལ་་སྟབས་རྔ་པ་སྟོད་སྨད་བར་གསུམ་གྱི་མི་མང་ཚོས་ལས་ཀ་ཡོངས་རྫོགས་མཚམས་འཇོག་བྱས་ཏེ་འདས་གྲོངས་སུ་གྱུར་པ་དང་དཀའ་སྡུག་མནར་གཅོད་འོག་ཡོད་པའི་མི་རྣམས་ཀྱི་ཆེད་དུ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་དགོན་པ་ཁག་ལ་བསྔོ་རྟེན་འཇོག་པ་དང༌། མཆོད་མེ་སྒྲོན་པ། ཕྱག་འཚལ་སྐོར་སྦྱོང་སོགས་བྱས་ཡོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎