བོད་ཨ་མདོ་རྔ་པ་ཁུལ་དུ་ངོ་རྒོལ་བྱུང་མེད་སྐོར་བཤད་པ།
རྒྱ་ནག་དཔོན་རིཌ་ཤིག་གིས་ཉེ་ཆར་བོད་རྔ་པ་ཁུལ་དུ་ངོ་རྒོལ་གྱི་ལས་འགུལ་རིཌ་བྱུང་མེད་པའི་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
-
2009-03-03 -
-
-
༄༅༎ཉེ་ཆར་བོད་ཀྱི་ཨ་མདོ་རྔ་པ་ཁུལ་དུ་དགེ་འདུན་པ་ཚོས་ཆོས་དད་རང་དབང་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་རྗེས་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་དཔོན་རིགས་ཤིག་གིས་བོད་ཀྱི་རྔ་པ་ས་ཁུལ་ནང་ངོ་རྒོལ་གྱི་ལས་འགུལ་རིགས་བྱུང་མེད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་རྒྱ་ནག་གི་ཟིང་ཁྲོན་ཞིང་ཆེན་གྱི་རྔ་པ་ས་གནས་ཀྱི་འགོ་ཁྲིད་བུའུ་རྩི་ཀང་གིས་པེ་ཅིང་དུ་བཤད་པའི་སྐད་ཆ་ལུང་འདྲེན་བྱས་པའི་ནང་ཕྱི་རྒྱལ་གྱི་གསར་འགྱུར་རྒྱུད་ལམ་ཁག་ཅིག་གིས་བོད་ནང་རྔམ་སྟོན་ངོ་རྒོལ་གྱི་དུས་ཟིང་བྱུང་བའི་གནས་ཚུལ་སྤེལ་ཡོད་ཀྱང་དེ་ལྟར་ངོ་རྒོལ་གྱི་དུས་ཟིང་བྱུང་མེད་ཅེས་དང་རྔ་པ་ཁུལ་དུ་དགེ་འདུན་པའི་ངོ་རྒོལ་དང་དུས་ཟིང་བླངས་བ་ཟེར་བ་གང་ཡིན་ནམ་ངས་ཁ་པར་བརྒྱུད་རྔ་པ་ས་གནས་སུ་ཡོད་པའི་ངའི་ལས་རོགས་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་རྔ་པ་ཁུལ་དུ་དེ་འདྲ་ཁྱེད་ཚོས་འཆད་བཞིན་པའི་དགེ་འདུན་པའི་ངོ་རྒོལ་ཟེར་བ་བྱུང་མེད་འདུག་ཅེས་བཤད་ཡོད་པ་རེད།
བུའུ་རྩི་ཀང་ནི་དེང་སྐབས་པེ་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུར་བཅར་བའི་སྐབས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ཞིག་ཡིན་པ་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རེས་གཟའ་ཕུར་བུའི་ཉིན་འགོ་འཛུགས་རྒྱུ་ཡིན་པ་རེད།།