ཁམས་དཀར་མཛེས་སུ་བོད་མིའི་ཐོག་མེ་མདའ་བརྒྱབ་ཡོད་པ།

ཆ་ཕྲེང་རྫོང་གི་གནས་རི་ཞིག་ནས་གཏེར་ཁ་བསྔོག་འདོན་གྱི་ལས་ཀ་བྱེད་མཁན་བོད་མི་ཚོའི་ཐོག་མེ་མདའ་རྒྱབ་སྟེ་མི་གསུམ་བཞིར་རྨས་སྐྱོན།

༄༅༎རྒྱ་ནག་གཞུང་གིས་ལོ་བཞིའི་སྔོན་ནས་ཁམས་དཀར་མཛེས་ཆ་ཕྲེང་རྫོང་གི་གནས་རི་ཞིག་ནས་གཏེར་ཁ་བསྔོག་འདོན་འགོ་བཙུགས་ཏེ། ལས་ཀའི་ཐོབ་ཐང་ཐད་སྦྱིན་བདག་བོད་མི་དང་ལས་ཀ་བྱེད་མཁན་བོད་མིའི་བར་ནམ་རྒྱུན་ཁ་རྩོད་ཤོར་གྱི་ཡོད་པ་རེད། གནས་ཚུལ་ཡོངས་ཁུངས་ཤིག་གིས་ནོར་ལྦེ་རླུང་འཕྲིན་ཁང་ལ་བརྗོད་ན། ཟླ་བ་འདིའི་ཚེས་བཅུ་བདུན་ཉིན་ཡང་བསྐྱར་སྦྱིན་བདག་དང་ལས་ཀ་བྱེད་མཁན་ཚོའི་བར་རྩོད་པ་ཤོར་ནས་། སྦྱིན་བདག་བཀྲ་ཤིས་བློ་དགའ་ཡིས་རྫོང་དཔོན་ཞིག་དང་འབྲེལ་བ་བྱས་རྗེས། རྫོང་གིས་སྤྱི་བདེ་མི་སྣ་དང་དྲག་ཆ་ཉེན་རྟོག་པ་མང་པོ་མངགས་ནས་དྲག་གནོན་བྱེད་སྐབས། ལས་ཀ་བྱེད་མཁན་བོད་མི་ཚོའི་ཐོག་མེ་མདའ་རྒྱབ་སྟེ་མི་གསུམ་བཞི་ཞིག་ལ་རྨས་སྐྱོན་ཕོག་པ་རེད། དེའི་རྗེས་སུ་ས་གནས་བོད་མི་ཉིས་བརྒྱ་ལྷག་གིས་ཞི་བའི་ཐོག་གཞུང་གི་དམག་མིའི་བྱ་སྤྱོད་དེར་ངོ་རྒོལ་བྱེད་སྐབས་། དམག་མིས་གཅར་རྡུང་བྱས་ཏེ་བོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད།
དེ་སྔོན་ཡང་གནས་ཚུལ་འདི་དག་རྒྱ་ནག་དབུས་བརྙ་འཕྲིན་ཁང་ལ་འབྲེལ་བ་བྱས་ནས། ཉེན་རྟོག་པའི་བྱ་སྤྱོད་ངན་པ་འདི་རིགས་ཐེར་འདོན་གྱི་འབོད་སྐུལ་བྱས་ཀྱང་ད་བར་འབྲེལ་ཡོད་ཕྱོགས་ནས་དོ་སྣང་བྱེད་མཁན་བྱུང་མེད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org