ཨ་མདོ་མཚོ་ལྷོ་ཁུལ་དུ་གཏེར་ཁ་བསྔོག་བཞིན།

རྒྱ་གཞུང་གིས་ཨ་མདོ་མཚོ་ལྷོ་ཁུལ་དུ་གསེར་དང་ཟངས་གཙོར་གྱུར་བའི་གཏེར་རྫས་ལོ་ངོ་དུ་མའི་སྔོན་ནས་བསྔོགས་དང་བསྔོག་བཞིན་ཡོད་པ།

རྒྱ་གཞུང་གིས་ཨ་མདོ་མཚོ་ལྷོ་ཁུལ་དུ་གསེར་དང་ཟངས་གཙོར་གྱུར་བའི་གཏེར་རྫས་ལོ་ངོ་དུ་མའི་སྔོན་ནས་བསྔོགས་དང་བསྔོག་བཞིན་ཡོད་པ། གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།

༄༅༎རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གནམ་ཐང་ཤང་གི་ས་གནས་ཁག་མང་པོར་གསེར་དང་ཟངས་གཙོར་གྱུར་བའི་གཏེར་རྫས་སྣ་ཚོགས་ལོ་ངོ་དུ་མའི་རིང་བསྔོག་འདོན་བྱས་པའི་རྐྱེན་གྱིས་སྒོ་ཕྱུགས་མང་པོ་ཤི་བ་མ་ཟད་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་དེ་གའི་མང་ཚོགས་ཀྱི་འཚོ་བར་གནོད་སྐྱོན་ཚད་ལས་འདས་པ་བཟོས་དང་བཟོ་བཞིན་ཡོད་པ་རེད།

ཉེ་ཆར་ཕ་ཡུལ་ཞིན་ཧེ་རྫོང་ནས་ཡིན་པའི་བོད་མི་ཞིག་བལ་ཡུལ་ལ་བཙན་བྱོལ་དུ་འབྱོར་ཡོད་པ་དང་མི་འདོན་གནང་འདོད་མེད་པའི་བོད་མི་དེས་འགྲེལ་བརྗོད་གནང་དོན་ལ་ཨ་མདོ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གནམ་ཐང་ཞང་གི་རྫ་ཟོ་ར་མདོ་དང་ཟངས་ལུང་དེ་བཞིན་གསེར་ཐང་དང་གནམ་ཐང་གི་ས་མཚམས་གསེར་ཁོག་སོགས་སུ་རྒྱ་ནག་གཞུང་གིས་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལ་གསེར་དང་ཟངས་སོགས་གཙོར་གྱུར་བའི་གཏེར་རྫས་རིགས་བསྔོག་འདོན་བྱས་དང་བྱེད་བཞིན་ཡོད་པ་དང་གཏེར་རྡོ་བཞུས་རྗེས་ཀྱི་དུག་ཁུ་ས་གནས་མི་མང་དང་ཕྱུགས་ཟོག་གི་འཐུང་ཆུའི་ནང་འདྲེས་ནས་སྒོ་ཟོག་ལ་དུག་ཕོག་ནས་ལོ་ལྟར་གྲངས་ཀྱི་མི་ལོང་པ་ཞིག་ཤི་བཞིན་ཡོད་པ་རེད།

གཏེར་ཁ་བསྔོག་འདོན་བྱེད་ས་དེ་དག་ནི་ས་གནས་དེའི་གནས་རི་གལ་ཆེན་རིགས་ཡིན་པས་མི་མང་གིས་ངོ་རྒོལ་གང་ཐུབ་བྱས་ཀྱང་རྒྱ་ནག་གཞུང་གིས་ཕྱུགས་ཟོག་ཤི་བའི་རྐྱེན་ཚབ་ཏུ་དངུལ་སྒོར་ཉུང་ཉུང་སྤྲད་པ་མ་ཟད་ད་དུང་ཉེན་རྟོག་མི་སྣས་འཇིགས་སྐུལ་གྱིས་ད་དུང་གནས་ཚུལ་དེ་གླེང་མཁན་ཡོད་ན་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ལུགས་བརྗོད་ནས་དྲག་གནོད་བྱས་པ་དང་དེ་མིན་ཉིན་མ་རེ་རེར་རླངས་འཁོར་བརྒྱད་བཅུ་ལྷག་གིས་གཏེར་རྡོ་རིགས་ཟི་ལང་སོགས་སུ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱས་བྱུང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org