བོད་མི་ཚོང་པ་རྣམས་སྐྱིད་གྲོང་བལ་བོད་ས་མཚམས་སུ་ཞིབ་བཤེར་ནན་པོ་བྱེད་པ།
བོད་མི་ཚོང་པ་ཚོ་བལ་བོད་ས་མཚམས་སྐྱིད་གྲོང་ཁུལ་ནས་བསྐྱོད་པའི་སྐབས་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག
-
2017-10-14 -
-
-
Your browser doesn’t support HTML5 audio
༄༅། །དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བལ་བོད་ས་མཚམས་སུ་ཚོང་ལས་གཉེར་མཁན་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་པའི་ནང་། རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར་ཡོད་པའི་རྒྱ་རིགས་དང་བོད་རིགས་ཚོང་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་སྐྱིད་གྲོང་་ས་མཚམས་བརྒྱུད་ནས་བལ་ཡུལ་ནང་བསྐྱོད་པའི་སྐབས། བོད་རིགས་ཡིན་ཚེ་རྒྱ་ནག་ས་མཚམས་ནས་དུས་ཡུན་རིང་པོའི་རིང་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག་པ་དང་། ཡིན་ནའི་རྒྱ་མི་རིགས་ཚོར་ཞིབ་བཤེར་གང་ཡང་བྱེད་ཀྱི་མེད་པའི་སྐོར་བརྗོད་འདུག དེ་བཞིན་སྐྱིད་གྲོང་ས་མཚམས་ནས་བལ་ཡུལ་ནང་ཕར་འགྲོ་ཚུར་འོང་བྱ་རྒྱུར་ས་མཚམས་དེ་བརྒྱུད་ནས་འགྲོ་འོང་ཀྱི་དུས་བཀག་ཡོངས་རྫོགས་རྒྱ་ནག་ཕྱོགས་ནས་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་བོད་མི་ཚོས་བལ་ཡུལ་ཕྱོགས་ནས་་དངོས་ཟོག་འཁྱེར་རྒྱུར་དཔྱ་ཁྲལ་རྒྱབ་ཟིན་ན་ཡང་འགོག་རྐྱེན་སྣ་ཚོགས་སྤྲོད་ཀྱི་ཡོད་པ་མ་ཟད། བོད་ཡིག་འཁོད་པའི་དངོས་ཟོག་རྣམས་རྒྱ་ནག་གི་འགག་སྒོ་ནས་གཏོང་གི་མེད་པ་དང་། ཡིན་ན་ཡང་རྒྱ་ནག་ཕྱོགས་ནས་བལ་ཡུལ་ནང་འཁྱེར་རྒྱུའི་དངོས་ཟོག་ལ་དཔྱ་ཁྲལ་རྒྱབ་ཡོད་ན་དཀའ་ངལ་གང་ཡང་མེད་པའི་ཐོག་ནས་ཡོངས་རྫོགས་བལ་ཡུལ་ནང་གཏོང་བཅུག་གི་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་འདུག།
གསར་འགོད་པ་འཆི་མེད།