ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་གནས་ཚུལ།

མ་འོངས་པར་ཨ་རི་གཞུང་གིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱེད་རྒྱུར་དོགས་ཟོན་བྱེད་དགོས་ལུགས་སྐོར་རྒྱ་ནག་གཞུང་གིས་དྲན་སྐུལ་བྱས་འདུག

2008.10.09

༄༅༎ཐའེ་ལྦན་ལ་ཨ་རི་གཞུང་གིས་ཉེ་ཆར་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་འཆར་གཞི་གསལ་འདོན་བྱས་པ་དེས་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བར་དོ་ཕོག་བཏང་ཡོད་སྟབས་མ་འོངས་པར་ཨ་མི་རི་ཀ་བ་སུ་ཞིག་སྲིད་འཛིན་གསར་པར་འོས་འདེམས་བྱུང་ནའང་ཨ་རི་གཞུང་གིས་ཐའེ་ལྦན་ལ་དེ་ལྟར་གོ་མཚོན་ཕྱིར་ཚོང་བྱེད་རྒྱུར་དོགས་ཟོན་བྱེད་དགོས་ལུགས་སྐོར་རྒྱ་ནག་གཞུང་གིས་དྲན་སྐུལ་བྱས་འདུག

བདུན་ཕྲག་སྔོན་མ་ཨ་རི་གཞུང་ནས་ཐའེ་ལྦན་ལ་ཐད་འཕུར་ཕར་རྒོལ་གྱི་གོ་མཚོན་ཨ་པ་ཆི།ཧེ་ལི་པོབ་ཊར་སུམ་ཅུ་དང་མེ་ཤུགས་འཕུར་མདེལ་གྱི་ཚུར་རྒོལ་འགོག་སྲུང་སླད་པེ་ཏྲིཡོཏ་མེ་ཤུགས་འཕུར་མདེལ་སུམ་བརྒྱ་སུམ་ཅུ་བཅས་ཁྱོན་མ་གནས་ཨ་སྒོར་ཐེར་འབུམ་དྲུག་དང་ཕྱེད་ཀའི་གོ་མཚོན་ཕྱིར་ཚོང་བྱེད་རྒྱུའི་འཆར་གཟི་གསལ་འདོན་བྱས་ཡོད་པ་རེད་ ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་མཁོ་སྤྲོད་བྱ་རྒྱུའི་འཆར་གཞི་དེ་དག་ལ་རྐྱེན་པས་རྒྱ་ནག་གཞུང་ངོས་ནས་རྒྱ་ནག་དང་ཨ་རི་དབར་དམག་དོན་གྱི་ཐད་ནས་ལོ་མང་རིང་ཕན་ཚུན་ཡིད་ཆེས་འཕེལ་རེས་ཡོང་བཞིན་པའི་ལས་དོན་ཆུད་ཟོས་སུ་འགྲོ་རྒྱུའི་ཉེན་ཚབས་ཡོད་སྐོར་སྐྱོན་བརྗོད་བྱས་པ་དང་སྦྲགས་ཕྱོགས་ཕན་ཚུན་དབར་དམག་དོན་གྱི་འབྲེལ་འཐུད་མཚམས་འཇོག་བྱས་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་སླར་ཡང་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་མཁོ་སྤྲོད་བྱ་ཕྱོགས་ཀྱི་གནད་དོན་ཐད་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་སྐུ་ཞབས་ཇོན་མེ་ཀེན་དང་སྐུ་ཞབས་སྦ་རཀ་ཨོ་སྦ་མ་རྣམ་གཉིས་ལ་ཉེན་བརྡ་བཏང་འདུག དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་གང་གིས་འདས་པའི་ལོ་ངོ་སུམ་ཅུ་ཙམ་རིང་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ནང་ཐའེ་ལྦན་གྱི་གནད་དོན་ཐད་འགལ་ཟླའི་རྩོད་གླེང་མེད་པར་ཟབ་ནན་ལངས་ཕྱོགས་འཛིན་པ་ཡིན་ན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་བརྟན་པོ་ཡོད་པ་དང་དེ་ལྟར་མེད་ཚེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གི་དཀའ་ངལ་ཡོང་ངེས་ཡིན་པ་གསལ་པོ་མངོན་རྒྱུ་ཡོད་ཅེས་གསལ་འདོན་བྱས་སྟེ་ཨ་རིའི་སྲིད་འཛིན་འོས་མི་རྣམ་གཉིས་ནས་ཀྱང་གནད་འགག་དེ་ལྟར་མཁྱེན་རྟོགས་ཡོད་པའི་ཐོག་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་ལ་བརྩི་བཀུར་དང་ལེན་ཡོང་བའི་རེ་བ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎