བོད་མི་སྐྱབས་བཅོལ་བར་རྡུང་རྡེག་བཏང་བར་རྒྱ་ནག་གིས་བསྔཊ་བརྗོད།
བལ་ཡུལ་གྱི་སྲིད་འཛིན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་འཆར་ཡོད་པ་རེད།
-
2015-03-20 -
-
-
བལ་ཡུལ་གྱི་སྲིད་འཛིན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་འཆར་ཡོད་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། བལ་ཡུལ་གྱི་སྲིད་འཛིན་Ram Baran Yadav རྒྱ་ནག་ཏུ་འཚམས་འདྲིར་མ་བསྐྱོད་གོང་དུ་རྒྱ་ནག་གི་དར་གོས་ཚོང་ལམ་ལས་གཞི་དེར་རྒྱབ་སྐྱོར་ཡོད་ལུགས་བཤད་པ་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོ་དང་། རྒྱ་གར་ནང་གི་ཏཱ་ལའི་རུ་ཚོགས་ལ་རྡུང་རྡེག་བཏང་པར་བསྔགས་བརྗོད་ཡོད་ལུགས་བཤད་འདུག
བལ་ཡུལ་ཕྱི་འབྲེལ་ཁང་གིས་གཟའ་འཁོར་རྗེས་མའི་ནང་བལ་ཡུལ་གྱི་སྲིད་འཛིན་Ram Baran Yadavརྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་དང་བལ་ཡུལ་གཉིས་པོས་མཚོ་བོད་མེ་འཁོར་ལྕགས་ལམ་དེ་བལ་བོད་ས་མཚམས་བར་བཟོ་བཞིན་པ་མ་ཟད། བལ་ཡུལ་གྱི་ཤར་བྱང་ངོས་བར་བཟོ་རྒྱུའི་གྲོས་མོལ་བྱེད་བཞིན་ཡོད་པ་དང་། Ram Baran Yadavརྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་རྒྱུ་དེ་ཡིས་ལས་གཞི་དེ་མགྱོགས་སུ་གཏོང་རྒྱུ་ཡིན་སྲིད་པའི་ཚོད་དཔག་གནང་གི་འདུག
བལ་ཡུལ་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པ་Tara Pokhrelགིས་བརྗོད་དོན། ཕྱི་ཟླ་གསུམ་པའི་ཚེས་༢༤ཉིན། Ram Baran Yadav ཡིས་འགོ་ཁྲིད་པའི་མི་སྣ་༡༨ལས་གྲུབ་པའི་སྐུ་ཚབ་ཚོགས་པ་དེ་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་པའི་རིང་རྒྱ་ནག་གི་འགོ་ཁྲིད་དང་ཐུག་འཕྲད་དང་། གྲོས་མོལ་བྱ་རྒྱུ་མ་ཟད། གཟའ་འཁོར་རྗེས་མའི་རེས་གཟའ་ཕུར་བུ་ནས་འགོ་འཛུགས་རྒྱུའི་Boao Forumཞེས་པའི་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ་ཡིན་ལུགས་སོགས་བཤད་འདུག
མེ་འཁོར་ལྕགས་དམ་ཐད་རྒྱ་ནག་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པ་ཝང་ཡིད་ན་ནིང་ལོ་མཇུག་བལ་ཡུལ་ལ་བསྐྱོད་སྐབས་རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་གཞིས་ཀ་རྩེ་ནས་བལ་ཡུལ་བར་མ་ཁྲིད་སྔོན་ཞིབ་འཇུག་གྲོས་མོལ་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པ་རེད། ན་ནིང་རྒྱ་ནག་གཞུང་གིས་བལ་ཡུལ་ལ་ལོ་རེའི་རོགས་དངུལ་ཨ་སྒོར་ས་ཡ་༢༥སྤྲོད་རྒྱུ་བྱས་པ་དེ་ད་རེས་རོགས་དངུལ་ཨ་སྒོར་ས་ཡ་༡༢༨བར་མང་དུ་བཏང་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།