རྒྱ་ནག་ལ་གོ་མཚོན་ཚོང་རྒྱུའི་བཀག་སྡོམ་ཕྱིར་འཐེན་གྱི་རེ་སྐུལ།
ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་གོ་མཚོན་ཚོང་རྒྱུ་བཀག་སྡོམ་ཕྱིར་འཐེན་གནང་དགོས་ཞེས་རྒྱ་གཞུང་གིས་འབོད་སྐུལ་ཞུས་པ།
-
2010-01-28 -
-
-
༄༅༎ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་གོ་མཚོན་ཚོང་རྒྱུ་བཀག་སྡོམ་གནང་བཞིན་པའི་མཛད་ཇུས་དེ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་རྒྱ་ནག་གཞུང་གིས་ཞུས་གནང་བཞག། དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཀྲའོ་ཞུས་གསར་འགོད་ལྷན་ཚོགས་ཐོག་ ང་ཚོས་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ལ་རྒྱ་ནག་ཐོག་འཛིན་པའི་ཕྱོགས་རིས་ཀྱི་ལྟ་བ་དེ་དོར་ཏེ་ཕན་ཚུན་འབྲེལ་བ་བཟང་དུ་གཏོང་ཐབས་སུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་མཚུངས་རྒྱ་ནག་ལ་གོ་མཚོིན་ཚོང་དགོས་པའི་འབོད་བསྐུལ་ཞུ་གི་ཡོད་ཅེས་གསུང་བཞག།
དེ་ནི་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རེས་མོས་ཚོགས་གཙོའི་རྒྱལ་ཁབ་སི་པན་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་མི་གེལ་ཨེན་ཇེལ་མཆོག་གིས་རྒྱ་ནག་ལ་གོ་མཚོན་ཚོང་བསྒྱུར་བཀག་འདོམས་ཀྱི་མཛད་ཇུས་དེར་དགེ་སྐྱོན་ག་རེ་ཡོད་མེད་བསྐྱར་ཞིབ་གནང་རྒྱུའི་སྐོར་གསུང་པའི་རྗེས་སུ་རྒྱ་ནག་གཞུང་གིས་འབོད་སྐུལ་ཞུས་པ་ཞིག་ཡིན་པ་རེད། ཕྱི་ལོ་༡༩༨༩ལོར་རྒྱ་ནག་ནང་གནམ་བདེ་སྒོ་མོའི་དོན་རྐྱེན་བྱུང་སྟེ་ རྒྱ་ནག་གཞུང་གིས་ཞི་བའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་གོ་མཚོན་ཚོང་བསྒྱུར་གནང་རྒྱུ་བཀག་སྡོམ་གནང་ཡོད་པ་རེད། ད་ཆ་ཕ་རན་སི་གཞུང་གིས་རྒྱ་ནག་ལ་གོ་མཚོན་ཚོང་བསྒྱུར་བཀག་སྡོམ་ཀྱི་ཉེས་ཆད་དེ་ཕྱིར་འཐེན་གནང་དགོས་པའི་རྒྱབ་སྐྱོར་གནང་གི་ཡོད་པ་དང་སི་པན་གཞུང་གིས་དེའི་རྗེས་སུ་འཇུག་པ་ཞིག་ཡིན་པ་རེད། ཕྱི་ལོ་༢༠༠༨ལོར་ཡུ་རོབ་གྲོས་ཚོགས་ཀྱིས་ཇི་སྲིད་རྒྱ་ནག་གཞུང་གིས་ཨབ་རི་ཀའི་དྲག་པོའི་འཐབ་རྩོད་པར་གོ་མཚོན་གྱི་རོགས་རམ་གནང་རྒྱུ་དེ་མཚམས་འཇོགས་མ་གནང་བར་དེ་སྲིད་ཡུ་རོབ་ཡུལ་གྲུ་ཚོས་རྒྱ་ནག་ལ་གོ་མཚོན་ཚོང་བསྒྱུར་གནང་རྒྱུ་མིན་པའི་མང་མོས་གྲོས་ཆོད་བཞག་གནང་ཡོད་པ་རེད།