བོད་ནང་ལོ་གསར་གོང་ཡུལ་བསྐོར་སྤྲོ་འཆམ་བཀག་སྡོམ།

རྒྱནག་གཞུང་གིས་ཕྱི་ཟླ་གཉིས་པའི་འགོ་སྟོད་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་སྐོར།

༄༅༎བོད་ཀྱི་གནམ་ལོ་གསར་ཚེས་འཁོར་ལ་ཉེ་བའི་སྐབས་རྒྱ་ནག་གཞུང་གིས་ཕྱི་ཟླ་གཉིས་པའི་འགོ་སྟོད་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག་༎
ཚེས་༡༩ཉིན་ཨེ་པི་(Associated Press)ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་བརྗོད་པའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ནས་རྒྱལ་ས་ལྷ་སའི་ནང་རྟེན་གཞི་བྱས་པའི་ཡུལ་བསྐོར་སྤྲོ་འཆམ་དང་འགྲིམ་འགྲུལ་ལས་ཁང་ཁག་ལ་ ཕྱི་ཟླ་༢པའི་ཚེས་༢༠ནས་ ཕྱི་ཟླ་༣བར་ བོད་ནང་ཕྱི་ཕྱོགས་ཀྱི་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིལ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་ལུགས་གཞུང་འབྲེལ་གྱི་བཀོད་ཁྱབ་གཏང་ཡོད་པ་རེད་ གནས་ཚུལ་དེ་བཞིན་ ལྷ་སའི་ནང་རྟེན་གཞི་བྱས་པའི་གཞོན་ནུའི་ཡུལ་བསྐོར་སྤྲོ་འཆམ་ཞེས་འགྲིམ་འགྲུལ་ལས་ཁང་གི་ལས་བྱེད་ཡུའུ་ཀྲི་ཟེར་བའི་ཨེ་པི་གསར་ལས་ཁང་ལ་མཁོ་སྤྲོད་བྱས་འདུག རྒྱ་ནག་གཞུང་གིས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་དུས་ཚེས་དེ་བཞིན་ བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་སྲུང་བརྩི་ཞུ་རྒྱུའི་དུས་ཚེས་ཙམ་མ་ཟད་ ༢༠༠༨ལོའི་ཕྱི་ཟླ་༣པའི་ཚེས་༡༤ཉིན་ བོད་ནང་ཞི་རྒོལ་རྒྱ་ཁྱབ་བྱུང་བའི་དུས་ཚེས་འཁེལ་གྱི་ཡོད་ལ་ དུས་ཚེད་དེའི་རིང་ད་རེས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་སླར་ཡང་བཀག་སྡོམ་བྱེད་པ་དེ་ལོ་ལྔ་བསྟུད་མར་ཡིན་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org