རྒྱ་ནག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་འགོག་ཐབས་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཨ་ཧྥི་རི་ཀའི་བྷོ་ཚི་ཝ་ནར་ཆིབས་བསྒྱུར་གནང་རྒྱུར་བཀག་འགོག་བྱ་དགོས་པའི་སྐུལ་འདེད་བྱས་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ། ༢༠༡༧།༧།༡༧ OHHDL

རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཨ་ཧྥི་རི་ཀའི་བྷོ་ཚི་ཝ་ནར་ཆིབས་བསྒྱུར་གནང་རྒྱུར་བཀག་འགོག་བྱ་དགོས་པའི་སྐུལ་འདེད་བྱས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འགྱངས་མིན་ཕྱི་ཟླ་༨་པའི་ནང་ཨ་ཧྥི་རི་ཀའི་བྷོཙ་ཝ་ན་Botswana་རྒྱལ་ཁབ་ནང་ཚོཊ་རྒྱུའི་སེམས་དང་སྲོག་གིས་བགྲོ་གླེང་ཚོཊ་འདུའི་སྟེང་དབུ་བཞུགས་གནང་འཆར་ཡོད་ཅིང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་རྒྱུར་བཀག་འགོག་བྱ་དགོས་པའི་སྐུལ་འདེད་བྱས་འདུག
བྷོཙ་ཝ་ན་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་དེ་མཚམས་རེར་ཀྱག་ཀྱོག་ཆེ་བའི་གནས་སུ་ཡོད་ཅིང་། གཟའ་འཁོར་སྔོན་མར་བྷོཙ་ཝ་ན་ཡིས་གསར་འགོད་གསལ་བསྒྲཊ་ཤིག་སྤེལ་བའི་ནང་ རྒྱ་ནག་གིས་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ལ་རྟེན་ནས་རྒྱལ་ཁབ་གཞན་དག་ལ་གནོན་ཤུཊ་སྤྲོད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བྷོཙ་ཝ་ནའི་ནང་ཆིབས་བསྒྱུར་གནང་རྒྱུར་བཀག་འགོག་བྱེད་བཞིན་ཡོད་ཀྱང་། བྷོཙ་ཝ་ན་གཞུང་གིས་༧གོང་ས་མཆོག་རྒྱལ་ཁབ་དེའི་ནང་ཆིབས་བསྒྱུར་གནང་རྒྱུ་དེ་ནི་གཞུང་འབྲེལ་མིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང་། སྔོན་ཙམ་ལ་༧གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་རྒྱུ་དེས་རྒྱལ་ཁབ་དེའི་སྤྱི་ཚོཊ་ཁྲོད་བྱམས་བརྩེ་གོང་མཐོར་གཏོང་རྒྱུར་ཕན་ཐོག་ཡོད་པ་ཞིག་ཡིན་སྐོར་ཡང་གསལ་འདོན་བྱས་འདུག
བྷོ་ཚི་ཝ་ན་ཡིས་རྒྱ་ནག་ནང་ཚོང་ཟོག་ཕྱིར་ཚོང་རྒྱ་ཆེར་བྱེད་བཞིན་ཡོད་ཅིང་། དཔེར་ན ༢༠༠༤་ལོར་ཨ་སྒོར་ས་ཡ་༢་༨༦་ནས་༢༠༠༩་ལོར་ས་ཡ་༦༥་བར་འཕར་ཡོད་འདུག རྒྱ་ནག་དང་བྷོཙ་ཝ་ནའི་དབར་གཞུང་འབྲེལ་འབྲེལ་ལམ་ཕྱི་ལོ་༡༩༧༥ ་ལོར་བཙུགས་ཡོད་པ་དང་། བྷོཙ་ཝ་ནའི་ཡུལ་གྱི་ཐོན་ཁུངས་གཙོ་བོ་ནི་རྡོ་རྗེ་ཕ་ལམ་ཡིན་ཞིང་། ལུང་པ་དེའི་རྡོ་རྗེ་ཕ་ལམ་རྩ་འབོར་གྱི་བརྒྱ་ཆ་བཅོ་ལྔ་ཙམ་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་འདུག

གསར་འགོད་པ་རྡོ་རྗེ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org