རྒྱ་གཞུང་གིས་ཁྲིམས་རྩོད་པའི་ལྟེ་གནས་ཁང་ཞིག་སྒོ་རྒྱབ་པ།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་ཁྲིམས་རྩོད་པས་འགོ་ཁྲིད་བྱེད་ཡུལ་གྱི་ཞིབ་འཇུག་ལྟེ་གནས་ཁང་ཞིག་སྒོ་རྒྱབ་པ།

2009.07.17

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གྱི་ཁྲིམས་རྩོད་པས་འགོ་ཁྲིད་བྱེད་ཡུལ་གྱི་ཞིབ་འཇུག་ལྟེ་གནས་ཁང་ཞིག་སྒོ་རྒྱབ་ཡོད་པ་མ་ཟད་དེའི་ནང་དུ་ལས་ཀ་བྱེད་མཁན་གྱི་ཁྲིམས་རྩོད་པ་ལྔ་བཅུ་ལྷག་གི་ཁྲིམས་རྩོད་པའི་ལག་འཁྱེར་བཙན་འཕྲོག་བྱས་པ་དང་དེ་དག་ནང་ནས་མང་ཆེ་བ་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་གནང་བའི་གནད་དོན་གྱི་ཐོག་ནས་ཁྲིམས་རྩོད་པའི་ལག་འཁྱེར་བཙན་འཕྲོག་བྱས་པ་ཞིག་ཡིན་པ་རེད།

དེ་རིང་རེས་གཟའ་པ་སངས་ཉིན་རྒྱལ་ས་པེ་ཅིང་གི་སྤྱི་དམངས་ལས་དོན་ཁང་གི་དཔོན་རིགས་ཉི་ཤུ་ཙམ་ཞིག་ཀོང་མེང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གཉེར་བའི་ཁྲིམས་མཐུན་གྱི་ཞིབ་འཇུག་ལྟེ་གནས་ཁང་དེར་ཡོང་སྟེ་ཀམ་པུ་ཊར་སོགས་དེའི་ནང་དུ་ཡོད་པའི་ཅ་དངོས་ཡོངས་རྫོགས་གཞུང་བཞེས་བཏང་བ་དང་དེའི་ནང་དུ་ཞིབ་འཇུག་གི་ལས་ཀ་བྱེད་མཁན་ཚོར་ཁོང་ཚོའི་ལས་ཀའི་ངོ་བོ་ག་རེ་ཡིན་མིན་སྐོར་ལ་འདྲི་རྩད་བྱས་པ་མ་ཟད་ལྟེ་གནས་ཁང་དེ་ཁྲིམས་མཐུན་སྒོ་ནས་དེབ་སྐྱེལ་བྱས་པ་ཞིག་མིན་ལུགས་འགྲེལ་བརྗོད་བྱས་ཏེ་སྒོ་རྒྱབ་པའི་སྐོར་ལྟེ་གནས་ཁང་དེའི་འཛིན་སྐྱོང་ལས་བྱེད་པ་ཐན་ཆི་ཀྲུང་ཡིས་བཤད་ཡོད་པ་རེད། ཡིན་ནའང་ཤུ་ཀྲི་དབྱོང་ཟེར་བ་ནི་ཀོང་མེང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཁྲིམས་རྩོད་པ་ཡིན་ཞིང་ཁོང་གིས་གསུངས་ན་ཞིབ་འཇུག་ལྟེ་གནས་ཁང་དེ་ཁོང་ཚོའི་ཀོང་མེང་ཐོབ་ཐང་ཚོགས་པའི་ཡན་ལག་ཅིག་ཡིན་པ་དང་དེར་ཁྲིམས་མཐུན་གྱི་སྒོ་ནས་དེབ་སྐྱེལ་བྱས་པ་ཞིག་ཡིན་པ་མ་ཟད་ལྟེ་གནས་ཁང་དེའི་ནང་དུ་མི་དམངས་ཀྱི་བདེ་དོན་ཐོབ་ཞིབ་འཇུག་དང་ཁྲིམས་མཐུན་སྒོ་ནས་མི་དམངས་ལ་རོགས་རམ་བྱེད་ཡུལ་ཞིག་ཡིན་པ་དང་ཉེ་བའི་ཆར་ནས་ལྟེ་གནས་ཁང་དེའི་ནང་གི་ཁྲིམས་རྩོད་པ་མང་ཆེ་བ་ནི་བར་ལམ་རྒྱ་ནག་ནང་ཕྲུ་གུའི་འོ་རྩམ་ནང་དུ་དུག་རྫས་བསྲེས་ལྷད་བཏང་སྟེ་ཕྲུ་གུ་མང་པོ་གནོད་འཚེ་ཕོག་ཡུལ་གྱི་ཕ་མ་ཚོའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎