གྲྭ་བ་གཉིས་ལ་བཙོན་འཇུག་ཉེས་ཆད།
རྒྱ་གཞུང་གིས་གྲྭ་བ་གཉིས་ལ་རང་སྲེག་བཏང་མཁན་གྱི་ཆེད་དུ་མཆོད་འབུལ་བྱས་པའི་ནག་ཉེས་བཙུཌ་ཏེ་བཙོན་འཇུག་ཉེས་ཆད་བཏང་བ།
-
2013-06-04 -
-
-
རྒྱ་ནག་གཞུང་གིས་བོད་ནང་དུ་རང་ལུས་མེ་བསྲེག་བཏང་མཁན་ཚོར་སྐུལ་སློང་བྱས་ཚུལ་དང་ཁོང་ཚོར་དམིགས་པའི་ཆོས་འབུལ་བྱེད་མཁན་སོགས་ཀྱི་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་བཞིན་པ་ལྟར། ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༨ ཉིན་རྒྱ་ནག་གཞུང་གིས་དགུང་ལོ་༢༧ ལ་ཕེབས་པའི་བིས་མདོ་ཡུལ་མཚོའི་གོང་མ་སྡེ་བའི་དགེ་འདུན་པ་བརྩོན་འགྲུས་ལགས་སུ། དགོན་པའི་ནང་དབང་ཆེན་ནོར་བུ་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་བྱེད་མཁན་ཡིན་པ་དང། ད་དུང་ཕྱི་ཚེས་༢༡ ཉིན་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཏེ་དེའི་ནང་བིས་མདོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་དམངས་འཕོན་ཆེ་འདུ་འཛོམས་བྱས་པ་དེའི་སྐབས་དབུ་མཛད་གནང་བའི་ནག་ཉེས་བཙུགས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་པ་དང། དེ་བཞིན་དགུང་ལོ་༣༠ སོ་གྲངས་ལ་ཕེབས་པའི་བིས་མདོ་ཡུལ་ཚོི་གཤོངས་ཡུལ་སྡེ་བ་ནས་ཡིན་པའི་སྐུ་ཞབས་དགེ་འདུན་ཚུལ་ཁྲིམས་ལགས་སུ་། དབང་ཆེན་ནོར་བུ་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་པར་བསྐྱོད་མཁན་ཚོར་འབྲེལ་བ་བྱེད་མཁན་དང་ཞལ་འདེབས་སློང་མཁན། མི་འོར་འདྲེན་བྱེད་མཁན་སྣུམ་འཁོར་Bus གྲ་སྒྲིག་བྱེད་མཁན་ཡིན་པའི་ནག་ཉེས་བཙུགས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་མ་ཟད། སྐབས་དེར་ཁྲིམས་རར་ཁོང་གཉིས་ཀྱི་ནང་མི་དང་ཁྲིམས་རྩོད་པ་སོགས་སུ་གཅིག་མེད་པར་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད།།