བོད་མི་ཞིག་ལ་ལོ་ལྔ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།

ཁམས་དཀར་མཛེས་ནས་ཡིན་པའི་བློ་བརྟན་པ་ཞུ་བ་ཞིག་ལ་རྒྱ་ནག་གཞུང་གིས་ལོ་ལྔ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

༄༅༎ཁམས་དཀར་མཛེས་ནས་ཡིན་པའི་བློ་བརྟན་པ་ཞུ་བ་ཞིག་ལ་རྒྱ་ནག་གཞུང་གིས་ལོ་ལྔ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ད་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་བསྐོད་མཁན་ཚོར་རྒྱ་ནག་གཞུང་ཕྱོགས་ནས་མེས་རྒྱལ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་སོགས་ཀྱི་ནག་ཉེས་འདྲ་མིན་ཐོག་ནས་བཙོན་འཇུག་ལོ་མང་པོའི་ཁྲིམས་ཐག་ཉེས་ཆད་བཅད་དང་གཅོད་བཞིན་ཡིན་པ་ལྟར་འདི་ག་རླུང་འཕྲིན་ཁང་གི་ཨོ་སོ་ཀྲོ་རི་ཡའི་གསར་འགོད་པས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན་རང་ལོ་བཅུ་དགུར་སླེབས་པའི་ཁམས་དཀར་མཛེས་ཁུལ་ནས་ཡིན་པའི་གཞོན་སྐྱེས་བློ་བསྟན་པ་ལགས་ལ་རྒྱ་ནག་གཞུང་གིས་མེས་རྒྱལ་ཁ་བྲལ་གཏང་མཁན་གྱི་ངོ་ལོག་པ་ཡིན་པའི་ཉེས་བཙུགས་འོག་བཙོན་འཇུག་ལོ་ལྔའི་ལོ་ཚད་ཁྲིམས་ཐག་བཅད་ཡོད་པའི་སྐོར་འབྲེལ་ཡོད་མིང་འདོན་གནང་འདོད་མེད་པའི་ས་གནས་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། ཡང་གོང་ཞུས་མི་སྣ་དསེ་གནས་ཚུལ་ངོ་སྤྲོད་གནང་བར་དཀར་མཛེས་ས་ཁུལ་ནང་རྒྱ་ནག་གཞུང་གིས་ཞི་བའི་ངོ་རྒོལ་ལས་འགུལ་ནང་བཞུགས་མཁན་དང་མི་བཞུགས་མཁན་དབར་དབྱེ་འབྱེད་བྱས་ནས་ངོ་རྒོལ་ལས་འགུལ་ནང་མི་བཞུགས་མཁན་གྱི་ཁྱིམ་ཚང་ནང་རང་ལོ་དྲུག་ཅུ་རྒྱལ་བ་ཚོར་ཆབ་སྲིད་ཀྱི་རྟག་དཔྱད་བྱས་ནས་རྒྱ་སྒོར་ལྔ་བརྒྱ་ནས་ཉིས་སྟོང་བར་གྱི་རྔན་པ་སྤྲོད་ཀྱི་ཡོད་པ་དང་དེའི་ཐོག་ས་གནས་བོད་མི་མང་པོས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་བོད་མི་ཚོས་སླར་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་འགོག་ཐབས་བྱས་པ་ཞིག་ཡིན་པ་ལས་བོད་མི་མང་གི་བདེ་སྡུག་ལ་བསམ་ཞིབ་བྱས་པ་ཞིག་རྩ་བ་ནས་མིན་པའི་བསམ་ཚུལ་བཤད་ཀྱི་ཡོད་པ་ངོ་སྤྲོད་གནང་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org