རྒྱ་ནག་ནང་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་གནས་བ།
རྒྱ་ནག་ནང་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་དེ་ལྷུག་གཏོང་གནང་ཡོད་ཀྱང་ད་ལྟའི་ཆར་མུ་མཐུད་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པ་རེད།
-
2015-11-02 -
-
-
རྒྱ་ནག་ནང་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་དེ་ལྷུག་གཏོང་གནང་ཡོད་ཀྱང་ད་ལྟའི་ཆར་མུ་མཐུད་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་ལྷུག་གཏོང་གིས། བཟའ་མི་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པ་བཟོ་རྒྱུའི་སྲིད་བྱུས་གསར་པ་དེ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཐོག་ནས་ཆོག་མཚན་མ་སྤྲད་བར་དུ་མུ་མཐུད་གནས་དགོས་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་གི་འཆར་ལྡན་བུ་རྩའི་ཆེས་མཐོའི་དཔོན་རིགས་ཞིག་གིས་ནན་སྐུལ་གནང་ཡོད་པ་རེད། རྒྱ་ནག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་ཚའི་སྲིད་ཇུས་དེ་ལག་བསྟར་གནང་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་འགྲོ་ཡི་ཡོད་ཅིང་བདུན་ཕྲག་སྔོན་པའི་ནང་སྐོངས་འཚོགས་གནང་བའི་རྒྱ་ནག་གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཐེངས་ལྔ་པའི་ཐོག རྒྱ་ནག་རྒྱལ་ཡོངས་སུ་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་གསར་པ་འཛིན་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད། ཡིན་ནའང་སྲིད་བྱུས་གསར་པ་དེ་ནི་དུས་སང་ཕྱི་ཟླ་༣་པའི་ནང་སྐོངས་འཚོགས་གནང་རྒྱུའི་རྒྱ་ནག་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་གྱི་བརྒྱུད་རིམ་ནས་བཀའ་འཁྲོལ་གནང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོ་མང་འཛིན་བཞིན་པའི་འཆར་ལྡན་བུ་རྩའི་སྲིད་བྱུས་འགྱུར་བ་གཏོང་རྒྱུའི་ཐག་གཅོད་དེའི་ཐོག་ནས། རོལ་ཀྲལ་གསར་ལས་ཁང་གི་གསར་འགོད་པས་རྒྱ་ནག་གི་ཕ་མ་འགའ་ཤས་ལ་བཅའ་འདྲི་བྱས་པའི་སྐབས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་གསར་པ་ཐག་གཅོད་དེར་ཧ་ཅང་གི་དགའ་འཚོར་ཆེན་པོ་བྱུང་ཞེས་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་རིང་རྒྱ་ནག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་ཚའི་སྲིད་བྱུས་དེས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་ཡིན་ནའང་དོན་དངོས་སུ་སྲིད་བྱུས་དེའི་འོག་རྒྱ་ནག་མི་འབོར་འཛམ་གླིང་ནང་ནས་མང་ཤོས་ཀྱི་གནས་སྟངས་དེར་འགྱུར་བ་བཏང་ཐུབ་མེད་པའི་ཁར་ལོ་ན་རྒན་པའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ཕོ་མོའི་གྲངས་འབོར་དོ་སྙོམས་མེད་པའི་གནས་སྟངས་ཇེ་སྡུག་དུ་ཕྱིན་ནས་ངལ་རྩོལ་བའི་ནུས་ཤུགས་ཀྱི་ཚད་གཞི་ཇེ་གཞན་དུ་ཕྱིན་ཡོད་པར་བརྟེན་ད་ལྟ་སྲིད་བྱུས་དེ་ལྷུག་གཏོང་གནང་རྒྱུའི་ཕྱིར་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།