འབར་མར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པའི་གཏམ་བཤད།

འབར་མ་གཞུང་་གིས་དཔལ་འབྱོར་དང་ཕྱི་འབྲེལ་ཕྱོགས་ཚང་མའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འདུན་པ།

༄༅༎འབར་མར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོས་འབར་མའི་སྲིད་འཛིན་ཟུར་པ་རིང་མིན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུ་དང་བསྟུན་ནས་འབར་མ་གཞུང་་གིས་དཔལ་འབྱོར་དང་ཕྱི་འབྲེལ་ཕྱོགས་ཚང་མའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འདུན་པ་བཅངས་ཀྱི་ཡོད་ལུགས་བརྗོད་འདུག ཡོ་རོབ་དང་ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མ་གཞུང་གིས་  འོས་འདེམས་ལས་དོན་དེ་བཞིན་ ཕྱི་ཕྱོགས་སུ་མགོ་སྐོར་གཏོང་ཡས་ཤིག་ཡིན་པ་ལས་དོན་དངོས་ཐོག་ནས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་མེད་པར་བསྐྱོན་བརྗོད་ཤུགས་ཆེ་གནང་གི་ཡོད་པ་དང་ ཡིན་ནའི་འབར་མར་བཅའ་སྡོ་རྒྱ་ནག་གི་གཞུང་ཚབ་ལིའི་ཅུན་ཧའ་ཡིས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་་བརྒྱུད་ལམ་གྱི་དྲི་བར་ལན་འདེབས་བྱེད་པའི་སྐབས་ འབར་མའི་གཞུང་གསར་པས་འབར་མའི་ནང་ཡར་རྒྱས་ཀྱི་རྣམ་པ་མང་པ་ཞིག་སྐྲུན་བཞིན་ཡོད་ལུགས་དང་ དཔེར་ན་འབར་མའི་ནང་ཕྱི་རྒྱལ་ཀྱི་མ་རྩ་འཛུགས་མཁན་མང་དུ་གཏོང་རྒྱུ་དང་ དེ་བཞིན་ཕྱི་རྒྱལ་ཡུལ་ཁག་དང་ཚོང་འབྲེལ་རྒྱ་བསྐྱེད་དང་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་སྲིད་ཇུས་འཛིན་གྱི་ཡོད་ལུགས་བརྗོད་འདུག་ལ་ རྒྱ་ནག་གི་གཞུང་ཚབ་ཆེན་མོ་ལིའི་ཡིས་འབར་མའི་སྲིད་འཛིན་ཐན་སན་གྱིས་འབར་མ་གཞུང་གིས་འཛམ་གླིང་ཕྱོགས་སུ་སྒོ་མོ་ཕྱེ་བའི་གོམ་སྟབས་བརྟན་པོ་སྤོ་རྒྱུ་ཡིན་ལུགས་ཀྱི་བསྔགས་བརྗོད་ཤུགས་ཆེ་བྱས་ཡོད་འདུག འབར་མའི་སྲིད་འཛིན་གསར་པ་ཐན་སན་ནི་ དེ་སྔོན་འབར་མ་དྲག་པོའི་གཞུང་གི་དཔོན་རིགས་ཐན་ཤོན་དང་ཉེ་བའི་སྐབས་དེ་དུས་ཀྱི་དྲག་པོའི་དམག་དཔུང་གི་དམག་དཔོན་མཐོ་གྲས་ཨང་བཞི་པ་དེ་ཡིན་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org