གཏེར་སྔོག་ལས་དོན་ལ་ངོ་རྒོལ་བྱེད་མཁན་དོན་ཁོ་གློད་འདུག

གསེར་ཆེན་རྫོང་དུ་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་བཀག་འགོག་སྐབས་འཛིན་བཟུང་བྱས་བ་དོན་ཁོ་ལགས་གློད་གྲོལ་བྱུང་འདུག

གསེར་ཆེན་རྫོང་དུ་གཏེར་ཁ་སྔོག་འདོན་བྱེད་བཞིན་པ། བོད་ནས་བཏང་འབྱོར།ཀུན་བཟང་བསྟན་འཛིན།

གསེར་ཆེན་རྫོང་དུ་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་བཀག་འགོག་སྐབས་འཛིན་བཟུང་བྱས་བ་དོན་ཁོ་ལགས་གློད་གྲོལ་བྱུང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་གཏེར་ཁ་སྔོག་འདོན་ཚན་པ་ཁག་གིས་མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་ནང་རྡོ་ཀ་མ་རུ་པ་ཤུགས་ཆེ་སྔོག་འདོན་བྱས་ནས་ས་གནས་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབ་ཆེ་བཟོ་བཞིན་པར་བརྟེན། ད་ལོ་ཕྱི་ཟླ་དྲུག་པ་ཙམ་ནང་ས་གནས་མི་མང་ཚོས་གཏེར་ཁ་སྔོག་འདོན་བཀག་ཐབས་བྱས་པའི་སྐབས་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་མི་སྣ་དང་གདོང་ཐུགས་བྱུང་ནས་ གཏེར་ཁ་སྔོག་འདོན་བྱེད་མཁན་ཚོས། ས་གནས་བོད་མི་ཚོར་ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་དང་། རྗེས་སུ་ས་གནས་གཞུང་དང་ཉེན་རྟོག་པས་གནས་ཚུལ་དངོས་ལ་མ་བལྟས་པར་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོར་རྒྱབ་སྐྱོར་བྱས་ནས་ས་གནས་མི་མང་ཚོས་རྙོག་དྲ་སློང་གི་ཡོད་ལུགས་ལ་བརྙས་ནས། སྐབས་དེར་ས་གནས་བོད་མི་མང་པོ་ཞིག་འཇུ་བཟུང་བྱས་ཡོད་པ་དང་། རྗེས་སུ་རིམ་པས་གློད་ཀྲོལ་བྱུང་ཡོད་ཀྱང་། བོད་མི་དོན་ཁོ་ཞུ་བ་ཞིག་ད་བར་འཛིན་བཟུང་བཀག་ཉར་བྱས་ནས་ཟླ་བ་སྔོན་་མའི་ཚེས་༢༨ཉིན་གློད་ཀྲོལ་བྱུང་ནས་རང་ཁྱིམ་དུ་འབྱོར་ཡོད་པའི་སྐོར་ས་གནས་ནས་གནས་ཚུལ་ཤེས་རྟོགས་ཡོད་མཁན་ཞིག་གིས་འགྲེལ་བརྗོད་གནང་ཡོད་འདུག  
གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་བར་གཞིགས་ན། གཏེར་ཁ་སྔོག་འདོན་བཀག་ཐབས་ཀྱི་ངོ་རྒོལ་ཁྲོད་རྒྱ་ནག་ཉེན་རྟོག་པས་ཁྱོན་བོད་མི་༢༣འཛིན་བཟུང་བྱས་ཡོད་པ་དང་།  ད་ཆ་འཛིན་བཟུང་བྱས་མི་ཡོངས་རྫོགས་གློད་ཀྲོལ་བྱུང་ཡོད་འདུག

གསར་འགོད་འཆི་མེད།

ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་བར་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org