བོད་མིའི་དམིགས་བསལ་ཚོཌ་ཆེན་ལ་རྒྱ་གཞུང་གིས་ངོ་རྒོལ།
རྒྱ་ནག་གཞུང་ཕྱོགས་ནས་དེ་རིང་བསྐྱར་དུ་༸གོང་ས་མཆོག་ལ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་ལུགས་དང་དམིགས་བསལ་ཚོགས་ཆེན་ལ་སྐྱོན་བརྗོད།
-
2008-11-25 -
-
-
༄༅༎དེ་རིང་བསྐྱར་དུ་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་ལུགས་བཤད་དེ་ཉེ་ཆར་ཕྱི་ཚེས་བཅུ་བདུན་ནས་ཉི་ཤུ་གཉིས་བར་ཉིན་གྲངས་དྲུག་རིང་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་ལ་ངོ་རྒོལ་གྱི་རྣམ་པ་བཏོན་ཡོད་པ་རེད།
དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ཆིན་ཀང་གིས་གསར་འགོད་ལྷན་ཚོགས་ཐོག་ལ་རྒྱ་ནག་ཕྱོགས་ནས་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་དེ་ནི་གསལ་པོ་དང་འགྱུར་བ་མེད་པ་ཞིག་རེད། ཏཱ་ལའི་བླ་མས་ཕྱི་རྒྱལ་དུ་བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་ལས་འགུལ་སྤེལ་རྒྱུ་ངོ་རྒོལ་ཡོད་ལ་ཕྱི་རྒྱལ་གྱི་དབུ་ཁྲིད་སུ་ཞིག་གིས་ཀྱང་ཏཱ་ལའི་བླ་མར་འབྲེལ་ལམ་བྱ་རྒྱུར་ཡང་ངོ་རྒོལ་ཡོད་ཅེས་བཤད་ཡོད་པ་རེད།
འདས་པའི་ཉིན་མ་དྲུག་རིང་ལ་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་མཇུག་བསྒྲིལ་བའི་ཉིན་བོད་མི་ཚོས་བོད་རྒྱ་དཀའ་རྙོགས་སེལ་ཐབས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་ཐབས་ལམ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་བརྟེན་ཆིན་ཀང་གིས་བོད་མིའི་དམིགས་བསལ་ཚོགས་ཆེན་ལུང་འདྲེན་བྱས་ཏེ་འདས་པའི་དུས་ཚོད་ནང་ང་ཚོས་གནད་དོན་དེའི་ཐོག་གྲོས་མོལ་ཐེངས་མང་པོ་བྱས་པ་རེད་ཅེས་བཤད་པ་ལས་དེ་མིན་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་རེད།