རྒྱ་ནག་གིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གཏིང་ཟབ་ཏུ་གཏོང་རྒྱུ།

རྒྱ་ནག་གི་ཞིབ་དཔྱོད་དཔོན་རིགས་ནས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦ AFP

རྒྱ་ནག་གི་ཞིབ་དཔྱོད་དཔོན་རིགས་ནས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག
དེ་ཡང་རྒྱ་ནག་ཞིབ་དཔྱོད་ལས་ཁང་གིས་རྒྱ་ནག་ལུས་རྩལ་བློན་ཆེན་གཞོན་པ་ཟུར་པ་དང་།  གྲོང་ཁྱེར་ཉེན་རྟོག་དཔོན་རིགས་ཤིག་གིས་ལྐོག་ཟའི་གྱོད་དོན་ཐད་ཁྲིམས་གཏུགས་བྱས་ཡོད་པའི་སྐོར་རྒྱ་ནག་ཞིབ་སྤྱོད་དཔོན་རིགས་གཞུང་ལས་ཁང་གིས་ཚེས་༣ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག    
དེའི་སྐོར་རོས་ཁྲར་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་བིང་གིས་ལྐོག་ཟ་རུས་སུངས་ལ་འགོག་རྒོལ་གྱི་ལས་དོན་དེ་བཞིན་སྲིད་དབང་འཛིན་ཕྱོགས་ཀྱི་རྨང་གཞིར་གཏིང་ཡོད་ཅིང་། ཞིའི་ཅིང་བིང་གིས་སྲིད་དབང་འཛིན་ནས་ད་བར་རྒྱ་ནག་གི་དཔོན་རིགས་མཐོ་གྲས་བཅུ་གྲངས་ཞིག་ལྐོག་ཟའི་གནད་དོན་གྱིས་བཙོན་འཇུག་འམ་ལས་གནས་ནས་ཕྱིར་འབུད་བྱས་ཡོད་པའི་སྐོར་འཁོད་འདུག་ཅིང་། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་ཞིབ་སྤྱོད་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྒྱ་ནག་གི་དཔོན་རིགས་ཉུང་ཐར་ཡང་མི་གྲངས་དྲུག་ཁྲིམས་གཏུགས་བྱ་རྒྱུའི་མིང་ཐོ་བཏོན་ཡོད་ཅིང་། ཡིན་ནའི་ཁོང་ཚོར་ཁྲིམས་གཏུགས་བྱ་ཕྱོགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འཁོད་མེད་པ་རེད།
རྒྱ་ནག་གི་བློན་ཆེན་རིམ་པའི་གོ་གནས་ཡོད་པའི་ལུས་རྩལ་ལྷན་ཁང་གི་༢༠༢༢ལོའི་ཨོ་ལེམ་ཕིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་ཐོབ་ཐབས་ཀྱི་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་པ་ཤོའོ་ཐན་གྱིས་དབང་ཆ་བེད་སྤྱད་ནས་ལྐོག་དངུལ་ཕོན་ཆེ་ལེན་པའི་གནས་ཚུལ་རྒྱ་ནག་སྒྲིག་ཁྲིམས་ལས་ཁང་གིས་ཤེས་རྟོགས་བྱུང་ནས་ཞིབ་བཤེར་བྱས་པ་བརྒྱུད། རིང་མིན་ཁྲིམས་གཏུགས་བྱ་རྒྱུ་དང་དེ་མིན་ཐན་ཅིན་གྲོང་ཁྱེར་ཉེན་རྟོག་དཔོན་ཞིག་ཝུའུ་གྲང་ཧྲུན་དང་། དེ་མིན་གྲའ་ཅང་དང་། ཅང་སུའུ། ཡུན་ནན་སོགས་ཀྱི་དཔོན་རིགས་ཟུར་པ་ཁག་ཅིག་ལ་ཡང་ལྐོག་ཟའི་གྱོད་དོན་ཐོག་ནས་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་རྒྱ་ནག་ཞིབ་སྤྱོད་དཔོན་རིགས་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་འཁོད་ཡོདའདུག།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org