རྒྱ་གཞུང་གིས་བོད་ནང་དཔལ་འབར་འཁྱེར་རྒྱུའི་གྲ་སྒྲིག་བྱེད་བཞིན་པ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ བོད་ནང་འཁྱེར་བའི་སྐབས་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་ འཁྱེར་བའི་སྐབས་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་གནང་བར་གཞིགས་ན་། རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་འཆར་གཞི་ཡོད་པ་བཞིན་དཔལ་འབར་བོད་ཀྱི་ རྒྱལ་ས་ལྷ་སར་སླེབས་པའི་སྐབས་ཕོ་བྲང་པོ་ཏཱ་ལའི་མདུན་བོད་ནང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་ལ་གྲ་སྒྲིག་བྱེད་བཅུག་ནས་རྒྱ་མི་ཡུལ་སྐོར་ སྤྲོ་འཆམ་པ་དང་ལས་བྱེད་མི་གྲངས་ཁྲི་ཕྲག་འདུ་འཛོམས་ཀྱིས་རྒྱ་ནག་ལ་དགའ་ཞེན་གྱི་ལས་འགུལ་སྤེལ་འཆར་ཡོད་པར་བརྟེན་། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམ་བསྒྲགས་ཤུགས་ཆེ་ཡོད་པའི་ཁར་། ཕྱོགས་མཐའ་ཁག་ནས་ཡོང་བའི་བོད་མི་ཡོངས་རྫོགས་རང་ཡུལ་དུ་ཕྱིར་ལོག་གཏོང་གི་ཡོད་ཅིང་། དེ་བཞིན་འབྲས་སྤུངས་དང་དགའ་ལྡན་སེ་ར་སོགས་དགོན་སྡེ་ཁག་ལ་དམག་དཔུང་གིས་བཀག་སྡོམ་བྱས་ནས་དགེ་འདུན་པ་ཚོ་ཕྱི་ཕྱོགས་སུ་ གཏོང་གི་མེད་པར་བརྟེན་ནས་ཁོང་རྣམ་པའི་ཉིན་རེའི་འཚོ་བའི་གནས་སྟངས་ཧ་ཅང་གི་སེམས་འཚབ་བྱེད་དགོས་ཐོག་གནས་ཡོད་པ་སོགས་ བོད་ནང་གི་གནས་སྟངས་དེ་བཞིན་ཁ་སྔོན་བོད་མི་ཚོའི་སྒེར་ལངས་ལ་རྒྱ་ནག་གཞུང་གི་དྲག་གནོན་བྱས་པའི་རྗེས་དམ་བསྒྲགས་ཤུགས་ཆེའི་འོག་ གནས་མུས་ཡིན་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org