རྒྱ་ནག་ཉེན་རྟོག་པས་ཨེ་ལྦེ་ལྦེའི་བཟའ་ཟླར་དྲི་རྩད།
རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྒྲུ་རྩལ་ཅན་ཨེ་ལྦེ་ལྦེའི་བཟའ་ཟླར་ཉེན་རྟོག་ལས་ཁང་དུ་འབོད་འགུགས་བྱས་ནས་་འདྲི་རྩད་བྱས་འདུག
-
2011-11-29 -
-
-
༄༅༎རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྒྲུ་རྩལ་ཅན་ཨེ་ལྦེ་ལྦེའི་བཟའ་ཟླར་རྒྱ་ནག་གི་ཉེན་རྟོག་པས་ཁྲིམས་འགལ་གྱི་ཉེས་ཅན་པའི་དོགས་གཞིའི་འོག་ཉེན་རྟོག་ལས་ཁང་དུ་འབོད་འགུགས་བྱས་པ་མ་ཟད། ཚོུད་གསུམ་རིང་འདྲི་རྩད་བྱས་ཡོད་པ་རེད།
དེ་ཡང་ཨེ་ལྦེ་ལྦེའི་བཟའ་ཟླ་ལུ་ཆིང་གིས་དེ་རིང་བཤད་པར་གཞིགས་ན། ཉེན་རྟོག་པས་ཨེ་ལྦེ་ལྦེའི་རོགས་པ་གཉིས་ལ་འདྲི་རྩད་བྱས་པའི་རྗེས་ཁོང་ལ་འདྲི་རྩད་བྱས་པ་དང༌། རྩ་བའི་རྒྱ་ནག་གཞུང་གིས་ཨེ་ལྦེ་ལྦེའི་སྒྱུ་རྩལ་ཁང་གིས་གཞུང་ལ་དཔྱ་ཁྲལ་མ་རྒྱབ་པར་སྦས་བཀུམ་བྱས་པའི་ནག་ཉེས་བཙུགས་ཡོད་པ་བརྟེན། ད་རེས་ལུ་ཆིང་ལ་ཉེན་རྟོག་པས་འདྲི་རྩད་བྱེད་སྐབས། རིག་གཞུང་རྫུན་མ་འཕེལ་རྒྱས་ཀྱི་སྐོར་སྐད་ཆ་དྲིས་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
དགུང་གྲངས་༥༤ ཡིན་པའི་སྒྱུ་སྕལ་བ་སྐད་གྲགས་ཅན་ཨེ་ལྦེ་ལྦེ་ནི། རྒྱ་ནག་ནང་དམངས་གཙོ་དར་འཕེལ་ཡོང་ཐབས་ལ་སྒྱུ་སྕལ་གྱི་ལམ་ནས་གོ་རྟོག་སྤེལ་མཁན་ཞིག་ཡིན་པ་མ་ཟད། དམིགས་བསལ་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་རྣམས་ལ་སྒྱུ་རྩལ་གྱི་ལམ་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་བརྟེན་ཨེ་ལྦེ་ལྦེ་འདི་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་གསང་བའི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉིན་གྲངས་༨༡ ཙམ་དོ་དམ་བཀག་ཉར་བྱས་པ་དང༌། དེ་རྗེས་ཁོང་གློད་གྲོལ་ཐོབ་ཡོད་ཀྱང་ཁོང་གི་སྒྱུ་རྩལ་ཁང་དེ་ནི་རིག་གཞུང་རྫུན་མ་ཁྱབ་འཕེལ་གཏོང་མཁན་ཡིན་པ་དང༌། གཞུང་ལ་དཔྱ་ཁྲལ་སྦས་བཀུམ་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད།