བོད་ཀྱི་གདན་ས་ཆེན་པོ་གསུམ་བལྟ་སྐོར་བྱ་ཡུལ་དུ་བཟོ་འཆར།
བོད་ཀྱི་གདན་ས་ཆེན་པོ་གསུམ་དང་གཙུག་ལག་ཁང་བཅས་པ་ཡུལ་སྐོར་སྤྲོ་འཆམ་པའི་བལྟ་སྐོར་བྱ་ཡུལ་གྱི་འགྲེམ་སྟོན་ཁང་ལྟབུ་བཟོ་འཆར།
-
2008-12-19 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་གདན་ས་ཆེན་པོ་གསུམ་དང་གཙུག་ལག་ཁང་བཅས་པ་ཡུལ་སྐོར་སྤྲོ་འཆམ་པའི་བལྟ་སྐོར་བྱ་ཡུལ་གྱི་འགྲེམ་སྟོན་ཁང་ལྟབུ་བཟོ་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བར་གཞིགས་ན་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཕོ་བྲང་པོ་ཏཱ་ལ་དེ་བཞིན་བོད་ཀྱི་ལོ་རྒྱུས་དང་རིག་རྩལ་གྱི་རྩ་ཆེའི་ཤུལ་རྙིང་ཞིག་ཡིན་པའི་ཁར་འཛམ་གླིང་མཉམ་འབྲེལ་སྲུང་སྐྱོབ་འོག་ཡོད་པའི་རྩ་ཆེའི་རིགས་དངོས་ཤིག་ཆགས་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་དེའི་འཛིན་སྐྱོང་བོད་རང་སྐྱོང་ལྗོངས་རིགས་གནས་ཐིང་ཟེར་བའི་ལག་ཏུ་བཞག་སྟེ་ལོ་རྒྱུས་དང་ལྡན་པའི་རྩ་ཆེའི་ཕོ་བྲང་དེ་དེ་སྔ་ནས་དངུལ་གྱི་ཡོང་འབབ་བཟོ་སའི་འགྲེམ་སྟོན་ཁང་བཟོས་ཚར་བའི་ཐོག་ད་ཆ་ལྷ་སའི་ནང་ཡོད་པའི་གཙུག་ལག་ཁང་དང་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་བཅས་པའང་ཕོ་བྲང་པོ་ཏཱ་ལ་ལྟབུའི་ཡུལ་སྐོར་སྤྲོ་འཆམ་པས་བལྟ་སྐོར་བྱ་ཡུལ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པ་དང་དེ་དག་གི་ནང་ཡོད་པའི་དགེ་འདུན་པ་རྣམས་ལ་སྐུ་གཉེར་ལྟབུའི་ལས་ཀ་ཁོ་ན་བྱེད་བཅུག་པ་ལས་ནང་ཆོས་ཀྱི་སློབ་གཉེར་དང་ཉམས་ལེན་རྩ་བ་ནས་བྱེད་བཅུག་གི་མེད་པ་མ་ཟད་དེ་དག་གི་ནང་བོད་ཀྱི་མདོ་སྟོད་སྨད་ནས་ཕེབས་པའི་དགེ་འདུན་པ་ཡོད་རིགས་རྣམས་རང་གནས་ཕྱིར་འབུད་གཏོང་བཞིན་ཡོད་འདུག