ཕྱིའི་ཡུལ་གྲུས་ཡུ་གུར་ལ་རྒྱབ་སྐྱོར་བྱེད་པར་ངོ་རྒོལ།

རྒྱ་གཞུང་ནས་ཕྱིའི་རྒྱལ་ཡུལ་གྲུ་ཚོས་ཡུ་གུར་གྱེན་ལོག་པ་ཚོའི་གནད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ།

2009.07.16

༄༅༎རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཡུལ་གྲུ་ཚོས་ཡུ་གུར་གྱེན་ལོག་པ་ཚོའི་གནད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་གཏམ་བཤད་སྤེལ་ཡོད་འདུག

དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིང་གང་གིས་རིང་མིན་ཨོ་སོ་ཀྲོ་ལི་ཡའི་གློག་བརྙན་དུས་སྟོན་སྐབས་རྒྱལ་ཡོངས་ཡུ་གུར་མི་རིགས་ཀྱི་མཐུན་ཚོགས་ཀྱི་འགོ་འཁྲིད་ལྕམ་རེ་བི་ཡ་ཀ་རྡིར་མཆོག་གི་ལོ་རྒྱུས་སྐོར་གློག་བརྙན་ཞིག་བཏོན་འཆར་ཡོད་པ་དེའི་ཐོག་གསུངས་པའི་སྐབས་རེ་བི་ཡ་ཀ་རྡིར་ག་འདྲ་ཞིག་ཡིན་མིན་ང་ཚོ་ཚང་མས་ཤེས་གསལ་རེད། དེ་འདྲ་ཡིན་དུས་ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་འགུལ་སྤེལ་རྒྱུར་གོ་སྐབས་སྤྲད་པ་ཡིན་ན་དེར་ང་ཚོས་མཐའ་ཅིག་ཏུ་ནས་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཁོང་གིས་རྒྱ་ནག་གཞུང་ནས་གློག་བརྙན་དུས་སྟོན་གོ་བསྒྲིགས་བྱེད་མཁན་ཐོག་གནོན་ཤུགས་སྤྲད་ཡོད་མེད་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་པ་རེད།

ཨོ་སོ་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་ནང་རིང་མིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་ཚུགས་ཀྱི་ཡོད་པ་དེའི་སྐབས་བཏོན་འཆར་གྱི་གློག་བརྙན་དེའི་བྱུས་བཀོད་པ་སྐུ་ཟབས་རི་ཆ་ཌི་མུ་རི་ལ་འདས་པའི་བདུན་ཕྲག་དེའི་རེས་གཟའ་པ་སངས་ཉིན་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་ནས་ཁ་པར་བཏང་ཏེ་གློག་བརྙན་དེ་བཏོན་རྒྱུ་མེད་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག་དུས་སྟོན་དེའི་སྐབས་ལྕམ་རེ་བི་ཡ་ཀ་རྡིར་མགྲོན་འབོད་བྱེད་རྒྱུ་མེད་ལུགས་ཀྱང་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་ནས་ཉེ་ཆར་ཤིན་ཅང་ཁུལ་བྱུང་བའི་དོན་རྐྱེན་དེའི་བྱེད་གཏེ་ཨ་རིའི་ནང་བཞུགས་ཡོད་པའི་ཡུ་གུར་མཐུན་ཚོགས་ཀྱི་འགོ་འཁྲིད་ལྕམ་རེ་བི་ཡ་ཀ་རྡིར་གྱིས་ངན་སྐུལ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎