ཁྲིམས་འགལ་ཚོང་ལས་བྱེད་མཁན་མང་པོ་རྒྱ་ནག་ནས་ཡོང་བཞིན་པ།

པཱ་ན་མའི་ནང་གི་ཁྲིམས་འགལ་གྱི་ཚོང་ལས་གསུམ་ཆ་གཅིག་ཙམ་རྒྱ་ནག་དང་ཧོང་ཀོང་ནས་ཡོང་གི་ཡོད་པ་ཕྱི་བསྒྲགས་བྱས་བ།

པཱ་ན་མ་རྒྱལ་ཁབ་Panama་འི་ནང་ཡོད་པའི་ཁེ་གཉེར་ལས་ཁང་Mossack Fonseca AFP

པཱ་ན་མའི་ནང་གི་ཁྲིམས་འགལ་གྱི་ཚོང་ལས་གསུམ་ཆ་གཅིག་ཙམ་རྒྱ་ནག་དང་ཧོང་ཀོང་ནས་ཡོང་གི་ཡོད་པ་ཕྱི་བསྒྲགས་བྱས་བ།
དེང་སྐབས་རྒྱལ་སྤྱིའི་ཐོག་རྙོག་གླེང་ཧ་ཅང་ཆེན་པོ་ཡོང་བཞིན་པའི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་པཱ་ན་མ་Panama་འི་ནང་ཡོད་པའི་ཁེ་གཉེར་ལས་ཁང་Mossack Fonseca་ཡི་ཚོང་ལས་གསུམ་ཆ་གཅིག་ཙམ་ཞིག་རྒྱ་ནག་དང་ཧོང་ཀོང་གཉིས་ནས་ཡོང་གི་ཡོད་འདུག དེ་ཡང་ཉིན་ཤས་སྔོན་རྒྱལ་སྤྱིའི་ཞིབ་དཔྱོད་གསར་འགོད་པའི་མཐུན་ཚོགས་ཞེས་པ་ཞིག་གིས་ གོང་ཞུས་Mossack Fonsecaཞེས་པའི་ཁེ་གཉེར་ལས་ཁང་གི་ཡིག་ཆ་Panama Papersཞེས་པ་ཡོངས་ཁྱབ་ཕྱི་བསྒྲགས་བྱས་པའི་ནང༌། རྒྱལ་ཁབ་མང་པོའི་དཔོན་རིགས་དང༌། གྲགས་ཅན་མི་སྣ། གློག་བརྙན་འཁྲབ་སྟོན་པ་སོགས་ཀྱིས་རང་རང་སྡོད་སའི་རྒྱལ་ཁབ་ནང་དཔྱ་ཁྲལ་སྤྲོད་མི་དགོས་པའི་ཆེད། Mossack Fonseca ཁེ་གཉེར་ལས་ཁང་བརྒྱུད་ཁྲིམས་འགལ་དང་གསང་བའི་ཐོག་ནས་ཚོང་ལས་གཉེར་གྱི་ཡོད་པ་གསལ་སྟོན་བྱས་ཡོད་པའི་ནང༌། Mossack Fonseca་བརྒྱུད་ནས་ཁྲིམས་འགལ་གྱི་ཚོང་ལས་གསུམ་ཆ་གཅིག་ཙམ་རྒྱ་ནག་དང་ཧོང་ཀོང་ནས་ཡོང་གི་ཡོད་པ་དང༌། འདི་ལྟ་བུའི་ཁྲིམས་འགལ་གྱི་ཚོང་ལས་གཉེར་མཁན་གྱི་གྲས་སུ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ལས་ཐོག་དང་རྒས་ཡོལ་ཕྱིན་པའི་ཚོགས་མི་མ་མཐར་བརྒྱད་ཙམ་དང་ལག་འབྲེལ་ཡོད་པའི་ཁོངས་སུ་ད་ལྟའི་སྲིད་འཛིན་Xi Jinping་གྱི་གཅེན་མོའི་ཁྱོ་ཀ་དང༌། སྲིད་བློན་ཟུར་པ་ Li Peng་གྱི་བུ་མོ་བཅས་བཅས་ཡོད་པ་རྒྱལ་སྤྱིའི་ཞིབ་དཔྱོད་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་བསྒྲགས་བྱས་པའི་ཡིག་ཆ་དེའི་ནང་བཀོད་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་རྒྱ་ནག་དང་ཧོང་ཀོང་ཐེ་དབན་གྱི་ལེ་ཚན་གཙོ་སྐྱོང་བ་འཆི་མེད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org