བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་མདུན་ལམ་ལ་ཐུཌ་ཡོད།

༸གོང་ས་མཆོག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་ཐད་ནམ་ཡང་མཁྱེན་རྟོགས་མེད་པ་རེད་ཅེས་བཀའ་གནང་འདུག

2008.07.09

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་ཐད་ནམ་ཡང་མཁྱེན་རྟོགས་མེད་པ་རེད་ཅེས་དེ་རིང་རྒྱ་གར་གྱི་ས་གནས་ར་ཇ་སི་ཐའན་ནང་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་གསར་འགོད་པར་བཀའ་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་མིག་དམར་ཉིན་ར་ཇ་སི་ཐའན་གྱི་ནུབ་ཕྱོགས་གྲོང་ཁྱེར་ཨཇེ་མེར་ནང་ཕེབས་འབྱོར་གྱིས་དེ་གར་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་བསྐྱང་གནང་བ་དང་ཆབས་ཅིག་༸གོང་ས་མཆོག་ནས་དེར་ཡོད་གསར་འགོད་པ་ཚོར་བཀའ་གནང་དོན་ལྟར་ན་ རྒྱ་ནག་གཞུང་གིས་བོད་མིའི་སྲོལ་རྒྱུན་དང་རིག་གཞུང་ གོམས་གཤིས་སོགས་ལ་ནམ་ཡང་མཁྱེན་རྟོགས་མེད་པ་དེ་ནི་བོད་རྒྱའི་དབར་གྱི་དཀའ་རྙོག་གཙོ་བོ་དེ་ཆགས་ཀྱི་ཡོད་པ་རེད་ ཡིན་ནའང་རྒྱ་ནག་གཞུང་ཕྱོགས་ནས་བོད་རྒྱའི་དབར་དཀའ་རྙོག་བཟོ་མཁན་དེ་༸གོང་ས་མཆོག་ཡིན་པ་རེད་ཅེས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད་ཅེས་བཀའ་གནང་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ལ་ཐུག་ཡོད་པ་ལས་༸གོང་ས་མཆོག་གི་སྐུ་དབང་ལ་ཐུག་གི་ཡོག་མ་རེད་ཅེས་ཀྱང་ནན་བརྗོད་གནང་འདུག

དེ་བཞིན་ཡང་༸གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན་ལྟར་ན་ བོད་མིའི་དཀའ་རྙོག་སེལ་ཐབས་སུ་ཕྱི་ལོ་༡༩༥༩ ལོར་བོད་རྒྱ་གཉིས་དབར་གྲོས་མཐུན་དོན་ཚན་༡༧ཞེས་པ་ཞིག་བཞག་ཡོད་ཅིང་ རྒྱ་ནག་གུང་ཁྲན་གཞུང་གིས་དེའི་ཐོག་བརྩི་འཇོག་མ་གནང་བར་བོད་མིའི་ཆོས་དང་རིག་གཞུང་གི་གནས་སྟངས་དེ་བས་ཇེ་སྡུག་ཏུ་བཏང་ཡོད་པ་རེད་ཅེས་༸གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་པི་ཀྲི་ཨའེ་ཞེས་པའི་རྒྱ་གར་གྱི་ས་གནས་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎