མེ་འཁོར་འགོ་འཛུཌ་དུས་ཐོག་ནས་འགྱངས་པ།

རྒྱ་ནག་ནས་བོད་བར་སྐར་མ་ལྔ་ལྡན་མེ་འཁོར་གཏང་འགོ་འཛུཌ་རྒྱུ་ཡིན་ལུཌ་གསལ་བསྒྲ་བྱས་ཡོད་ཀྱང་ད་ཆ་དུས་ཚེས་ངེས་མེད་དུ་འགྱུར་བ་ཕྱིན་པ།

༄༅༎འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ནང་ཞི་བའི་གྱེན་ལངས་མ་བྱུང་བའི་གོང་དུ་རྒྱ་ནག་གཞུང་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་གཅིག་ནས་རྒྱ་ནག་ནས་བོད་བར་སྐར་མ་ལྔ་ལྡན་མེ་འཁོར་གཏང་འགོ་འཛུགས་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་ཀྱང་ད་ཆ་དུས་ཚེས་ངེས་མེད་དུ་འགྱུར་བ་ཕྱིན་ཡོད་པ་རེད།

མེ་འཁོར་གྱི་ཁང་མིག་དུས་ཐོག་བཟོ་སྐྲུན་མ་ཐུབ་པའི་ཉེར་ལེན་ཡིན་པར་ཚོད་དཔག་གནང་གི་ཡོད་ཀྱང་ད་བར་སྔོན་གཏན་འཁེལ་བའི་དུས་ཚེས་ལ་འགོ་འཛུགས་མ་ཐུབ་པའི་རྒྱུ་རྐྱེན་ཇི་ཡིན་གསལ་བཤད་བྱུང་མེད་པ་དང་བོད་ནང་ཞི་བའི་གྱེན་ལངས་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་བརྟེན་འདི་ལོ་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་བདུན་ཅུ་ཙམ་ཉུང་དུ་ཕྱིན་ཡོད་པ་རེད༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org