ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱས་པར་ངོ་རྒོལ།

རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ཡིས་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་གྱི་ལས་འཆར་དེ་ཕྱིར་འཐེན་གནང་དགོས་པའི་དགོས་འདུན་བཏོན་བཞག

2008.10.14

༄༅༎རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལིའང་ཀུང་ལེ་ཡིས་ཨ་མི་རི་ཀས་ཐའེ་ལྦན་ལ་མ་གནས་ཌོ་ལར་ཐེར་འབུམ་དྲུག་དང་ཕྱེད་ཀའི་གོ་མཚོན་ཚོང་སྒྱུར་གྱི་ལས་འཆར་དེ་ཕྱིར་འཐེན་གནང་དགོས་པའི་དགོས་འདུན་བཏོན་པ་དང་སྦྲགས་གོ་མཚོན་གྱི་ཚོང་འབྲེལ་དེས་རྒྱ་ནག་གཞུང་དང་ཨ་རི་གཞུང་གཉིས་དབར་གྱི་འབྲེལ་བར་འགོག་རྐྱེན་བཟོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག

རྒྱ་ནག་གི་སྲུང་ཀྱོབ་བློན་ཆེན་གྱིས་ཨ་རི་གཞུང་ནས་ཐའེ་ལྦན་གྱི་གནད་དོན་ཐད་སྔོན་ཆད་ཁས་ལེན་གནངབ་དེ་ཚོ་དམ་འཛིན་གྱིས་ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་གནང་རྒྱུའི་ལས་འཆར་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་དང་འབྲེལ་ཨ་རི་དང་ཐའེ་ལྦན་དབར་དམག་དོན་གྱི་འབྲེལ་བ་བཅད་གནང་དགོས་ཀྱི་རེད་ཅེས་རྒྱ་ནག་ནང་ཕེབས་པའི་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཆཀ་ཧེ་གལ་ལ་ཞུས་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག

རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལིའང་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཆཀ་ཧེ་གལ་དབར་མཇལ་འཕྲད་སྐབས་ལིའང་ཡིས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་སྒྱུར་གནང་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་དང་ཡུལ་གཉིས་ཀྱི་དམག་དོན་དབར་གྱི་འབྲེལ་བར་གནོད་སྐྱོན་བཏང་ཡོད་པ་མ་ཚད་དམག་དོན་ཐེ་པའི་རྒྱལ་ཁབ་གཉིས་དབར་གཞི་ཡུལ་འདྲ་མིན་ཐད་མཉམ་འབྲེལ་དང་བརྗེ་ལེན་གནང་རྒྱུའི་ལས་འཆར་ཚང་མར་འགོག་རྐྱེན་བཟོས་ཡོད་སྐོར་ཆཀ་ཧེ་གལ་ལ་ཞུས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎