རྒྱ་གཞུང་གིས་བོད་མི་ཚོ་མཆོད་མཇལ་ལ་བཏང་མེད་པ།
རྒྱ་ནག་གཞུང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་མ་ཚུགས་གོང་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མ་གཏོཊ་གཞན་སྒོ་བརྒྱབ་ཡོད་པ།
-
2009-09-26 -
-
-
Your browser doesn’t support HTML5 audio
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་མ་ཚུགས་གོང་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མ་གཏོགས་གཞན་ཁག་སྒོ་རྒྱབ་སྟེ་བོད་མི་ཚོ་མཆོད་མཇལ་དང་གནས་མཇལ་ལ་བཏང་མེད་པའི་སྐོར་གྱི་གནས་ཚུལ་ཞིག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གསུངས་དོན་ལ།རྒྱ་ནག་གཞུང་གིས་ལྷ་ས་བར་བསྐོར་སོགས་མཐའ་བསྐོར་གང་སར་རྒྱ་མིའི་ཉེན་རྟོག་བསྐོར་སྲུང་དམག་མི་ཁྱོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང་།དེ་བཞིན་བོད་མིའི་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐད་སྟངས་འཛིན་སྐུལ་གཅོད་ཀྱི་བསུན་བཙིར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་དྲག་པོའི་དམག་མིས་ཁེངས་ནས་བསྡད་ཡོད་པ་དེ་ནི།བོད་མི་ཚོ་ཞེད་སྣང་དང་དངངས་སྐྲག་འོག་གནས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་གི་འདུག།