བེུད་ཐོག་དྲག་རྩུབ་འགོག་ཐབས་ཀྱི་རྒྱལ་སྤྱིའི་ཉིན་མོ་ཞེས་པ།

བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བེུད་ཚོས་འཛམ་གླིང་ནང་བུད་མེད་ཐོག་དྲག་རྩུབ་ཀྱི་རྒྱལ་སྤྱིའི་ཉིན་མོ་ཞེས་པ་དེ་བཞུགས་སྒར་རྡ་རམ་ས་ལར་སྲུང་བརྩི།

༄༅༎བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བེུད་ཚོས་ཁ་ས་ཕྱི་ཚེས་ཉི་ཤུ་ལྔ་ཉིན་འཛམ་གླིང་ནང་བུད་མེད་ཐོག་དྲག་རྩུབ་ཀྱི་རྒྱལ་སྤྱིའི་ཉིན་མོ་ཞེས་པ་དེ་བཞུགས་སྒར་རྡ་རམ་ས་ལར་སྲུང་བརྩི་ཞུས་གནང་ཡོད་པ་རེད།

དེ་ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ས་གནས་བེུད་ལྷན་ཚོགས་དང་དེ་བཞིན་རྒྱ་གར་ས་གནས་བེུད་སོགས་དེར་ཡོད་སེར་སྐྱ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་མཉམ་ཞུགས་ཀྱི་ཐོག་ནས་དེ་ཉིན་དགོང་དྲོ་བཞུགས་སྒར་གྱི་ཁྲོམ་གཞུང་ནས་འགོ་བཙུགས་ཀྱིས་མར་མེའི་ཁྲོམ་སྐོར་གནང་སྟེ་མཐར་གཙུག་ལག་ཁང་དུ་འདུ་འཛོམས་ཀྱིས་ཐོག་མར་དབུས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྦིའི་ཚེ་རིང་ལགས་ཀྱིས་ད་རེས་བོད་རིགས་བེུད་དང་རྒྱ་གར་ས་གནས་བེུད་མཉམ་སྦྲེལ་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཐོག་མ་དེ་ཡིན་པའི་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་དེར་བསྔགས་བརྗོད་གནང་བ་དང་ད་དུང་མུ་མཐུད་ས་གནས་རྒྱ་གར་བེུད་དང་བོད་ཀྱི་བེུད་གཉིས་མཉམ་སྦྲེལ་གྱི་སྒོ་ནས་རིམ་པས་བེུད་ཀྱི་གནད་དོན་དང་འབྲེལ་བའི་ལས་འགུལ་མུ་མཐུད་སྤེལ་གནང་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་ལུགས་གསུང་གནང་ཡོད་པ་རེད། ཡང་དེ་ཉིན་དབུས་བོད་ཀྱི་བེུད་ལྷན་ཚོགས་ནས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ད་རེས་འཛམ་གླིང་ནང་བུད་མེད་ཐོག་དྲག་རྩུབ་ཀྱི་རྒྱལ་སྤྱིའི་ཉིན་མོ་དེར་བོད་ནང་གི་བེུད་ཚོས་རྒྱ་ནག་གཞུང་གི་མནར་གཅོད་འོག་མྱོང་བཞིན་པར་དྲན་སྐུལ་ཞུ་རྒྱུ་དང་དེ་ཡང་རྒྱ་ནག་གཞུང་གིས་བཙན་ཤེད་འོག་བོད་ནང་གི་བེུད་ཚོར་རང་འདོད་ལྟར་བུ་ཕྲུག་བཙས་རྒྱུའི་ཐོབ་ཐང་མེད་པའི་ཐོག་ཨ་མའི་ཁོག་པའི་ནང་དུ་ཡོད་པའི་བུ་ཕྲུག་ཟླ་བ་བདུན་འམ་བརྒྱད་ཙམ་ཆགས་ཟིན་ཀྱང་བཙན་ཤེད་ཀྱིས་བཏོན་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་ལུགས་བརྗོད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org