རྒྱ་ནག་གཞུང་གིས་བོད་ནང་གི་ལྐོག་ཟ་རུལ་སུངས་ལ་རྟོག་ཞིབ།
རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་སོགས་སུ་ལྐོག་ཟ་རུལ་སུངས་ལ་རྟོག་ཞིབ་བྱེད་མགོ་བཙུགས་འདུག
-
2014-07-30 -
-
-
རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་སོགས་སུ་ལྐོག་ཟ་རུལ་སུངས་ལ་རྟོག་ཞིབ་བྱེད་མགོ་བཙུགས་འདུག
རྒྱ་ནག་གི་གསར་འགྱུར་ནང་བརྗོད་ན། རྒྱ་ནག་དབུས་སྐོར་སྐྱོད་ལས་དོན་རྟོག་ཞིབ་ཚོགས་ཆུང་གིས་མིག་སྔར་ཀོང་ཞི་དང་ཧྲང་ཧེ། ཀྲེ་ཅང་། ཧི་པེ་སོགས་ཀྱི་ནང་ལྐོག་ཟ་རུལ་སུངས་ཀྱི་ལས་དོན་ཐད་རྟོག་ཞིབ་རྒྱ་ཆེ་བྱེད་བཞིན་པ་མ་ཟད། ཉེ་ཆར་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ནང་སླེབས་ནས་དབང་ཆ་བེད་སྤྱོད་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་ཐད་རྟོག་ཞིབ་བྱེད་བཞིན་པ་ཡིན་ཚུལ་དང་། དེ་བཞིན་དབུས་ལས་དོན་རྟོག་ཞིབ་ཚོགས་ཆུང་བོད་རང་སྐྱོང་ལྗོངས་ནང་ལས་དོན་སྤེལ་བའི་ཉིན་དེར་། བོད་ལྗོངས་ཆ་འཕྲིན་ཞེས་པའི་ནང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་༢༠༡༣ལོ་ནས་༢༠༡༤ལོའི་བར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིང་འབྲོག་སློབ་གླིང་གི་དམར་ཤོག་ཚོགས་པའི་ཚོགས་མི་རྒྱུན་ལས་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གི་འགན་འཛིན་ཞེ་ཅིན་ཁྲོན་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་ ཐོན་སློབ་གླིང་གི་དམར་ཤོག་དྲུང་ཆེ་གཞོན་པ་སྤེན་པ་ཚེ་རིང་གིས་སྒྲིག་ཁྲིམས་རྒྱབ་འགལ་བྱས་ཏེ་གཞུང་གི་མ་དངུལ་རྒྱ་སྒོར་འབུམ་བཞི་དང་ཁྲི་ལྔ་བེད་སྤྱོད་བཏང་པའི་ནག་ཉེས་ཐོག་ དམར་ཤོག་ཚོགས་པ་ནང་ཁུལ་ནས་ཉེན་བརྡའི་ཆད་པ་བཅད་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།