ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་དང་སྤྱི་འཐུས་ཚོགས་གཞོན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཇལ་འཕྲད།
-
2011-12-22 -
-
-
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་ཞུས་ཡོད་འདུག
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་བཞུགས་སྒར་རྡ་རམ་ས་ལའི་ནང་བསྐོངས་ཚོགས་གནང་བཞིན་ཡོད་པའི་དུས་ཚོད་དང་བསྟུན་ནས་ཁ་ས་རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུ་བར་བཅར་གནང་ཡོད་འདུག
རྩ་བའི་ཧི་མ་ཅལ་མངའ་སྡེའི་ས་གནས་སྲིད་གཞུང་གི་ལས་ཁུངས་བསྟི་གནས་གཙོ་བོ་སིམ་ལའི་ནང་ཡོད་ཀྱང་ལོ་ཤས་གོང་ནས་བཟུང་ཀང་ར་རྫོང་ཁོངས་རྡ་རམ་ས་ལའི་ས་གནས་འདི་བཞིན་གནད་འགག་ཆེན་པོ་ཞིག་བརྩིས་ནས་དགུན་དུས་ཀྱི་ཚོགས་འདུ་བཞུགས་སྒར་དུ་ཚོགས་རྒྱུ་འགོ་བཙུགས་པ་ཞིག་ཡིན་པ་རེད། ཧི་མ་ཅལ་མངའ་སྡེའི་ད་ལྟའི་སྲིད་གཞུང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གྲས་བྷི་ཇེ་པི་ཞེས་པ་དེས་འཛིན་བཞིན་ཡོད་པ་དང་། ད་ལྟའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མའར་རྡུ་མལ་ཞུ་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡང་སེ་མཇལ་འཕྲད་ཞུ་མྱོང་ཡོད་པ་རེད།