བཀའ་ཤག་གིས་ཁ་མཆུ་ཨང་༢༠་པའི་བཅད་ཁྲ་དང་འབྲེལ་བའི་གསལ་བསྒྲགས་སྤེལ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་བའི་ཁ་མཆུ་ཨང་༢༠་པའི་བཅད་ཁྲའི་སྐོར་ལ་གཞུང་འབྲེལ་དྲ་རྒྱའི་ཐོག་གསལ་བསྒྲགས་ཞིག་སྤེལ་འདུག
-
2019-11-01 -
-
-
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་བའི་ཁ་མཆུ་ཨང་༢༠་པའི་བཅད་ཁྲའི་སྐོར་ལ་གཞུང་འབྲེལ་དྲ་རྒྱའི་ཐོག་གསལ་བསྒྲགས་ཞིག་སྤེལ་འདུག
འདི་ཚེས་༡་ཉིན་སྤེལ་བའི་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེབ་འགོད་ཨང་ ༢༠ ་པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་བསྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། གོང་གསལ་བཅད་ཁྲར་བརྩི་འཇོག་ཞུས་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་བསྐུལ་ཞུ་རྒྱུ། ཞེས་བཀོད་འདུག
དེ་སྔོན་ཟླ་༡༠་བའི་ཚེས་༡༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠་མ་ཉེས་ཁག་གཡོགས་གི་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་གསལ་བསྒྲགས་གནང་ཡོད་པ་དང་། བཅད་ཁྲའི་ནང་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བར་སོང་། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་དང་། དགོངས་སེལ་ཞུ་ཡིག་དེ་བཞིན་དབྱིན་བོད་སྐད་ཡིག་གཉིས་ཀའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་ཧིན་སྒོར་༩༨༠༠༠་ཕྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ཚེས་༡༥་ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འབུལ་དགོས་པའི་བཅད་ཁྲ་བཏང་ཡོད་པ་རེད།
ཡིན་ནའང་ཟླ་༡༡་པའི་ཚེས་༡་ཉིན་གྱི་བཀའ་ཤག་གི་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེབ་འགོད་ཨང་ ༢༠ ་པའི་བཅད་ཁྲར་བརྩི་འཇོག་ཞུས་ལུགས་བཀོད་ཡོད་པ་ལས་ད་ལྟའི་ཆར་ཞུ་སྦྱོར་བར་དགོངས་སེལ་སོགས་གང་ཡང་ཞུས་མི་འདུག