རྒྱ་ནག་གི་མི་རིགས་རིང་ལུགས་དེ་ཉེན་ཁ་ཡིན་ལུགས་ཉེན་བརྡ་བཏང་བ།
ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་གྲན་རེ་ཅུན་གྱིས་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ཉེན་ཁ་དངོས་གནས་ཡོད་རེད་ཅེས་གསུངས་འདུག
-
2008-05-27 -
-
-
༄༅༎རེས་གཟའ་མིག་དམར་ཉིན་ཨི་ཊ་ལིའི་དུས་བབ་གསར་ཁང་གིས་ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་གྲན་རེ་ཅུན་ལ་བཅར་འདྲི་བྱས་པའི་སྐབས། གྲན་རེ་ཅུན་གྱིས་གསུང་དོན་ རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ཉེན་ཁ་དངོས་གནས་འདུག པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་རན་གྲབས་ཡོད་ཅིང་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་མི་རིགས་ཀྱི་གཟི་བརྗིད་དཔལ་དུ་འབར་བའི་སྐོར་ནན་བརྗོད་བྱེད་བཞིན་ཡོད་པ་རེད། གལ་སྲིད་དེ་དང་ཡང་དག་པའི་མི་རིགས་ཀྱི་བརྩེ་གདུང་དང་འབྲེལ་ཡོད་ན་སྐྱོན་མི་འདུག ཡིན་ན་ཡང་འདུ་ཤེས་ཀྱི་རྣམ་པའི་མི་རིགས་རིང་ལུགས་ཕྱོགས་སུ་འཕེལ་རྒྱས་གཏོང་ཉན་གྱི་མ་རེད་ཅེས་དང་ ཡང་གྲན་རེ་ཅུང་གིས་རྒྱ་རིགས་ཤེས་ལྡན་པའི་སྐད་ཆུ་ལུངས་འདྲེན་གནང་ནས་གསུང་ཡས་ལ། རྒྱ་རིགས་ཤེས་ལྡན་པས་ཉེ་ཆར་རྒྱ་ནག་གི་དོན་རྐྱེན་ལ་བལྟས་ན། རྒྱལ་ཁབ་ཕཱེཤེ་སིའི་རིང་ལུགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའམ། ཡང་ན་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྒེར་སྤྱོད་སྲིད་དབང་འཕེལ་རྒྱས་གཏོང་བའི་ཉེན་ཁ་ཡོད་ལུགས་གསུང་བཞག ཨི་ཊ་ལིའི་དུས་བབ་གསར་འགོད་པས་པེ་ཅིང་དང་ཡེ་ཤུའི་ལྡན་སའི་འབྲེལ་བའི་འགོག་རྐྱེན་གླེང་སྐབས་གྲན་རེ་ཅུང་གིས་གསུང་དོན། འགོག་རྐྱེན་གཙོ་བོ་དེ་རྒྱ་ནག་ནང་དངོས་གནས་ཀྱི་ཆོས་དད་རང་དབང་མེད་པ་དེ་རེད་ཅེས་ནན་བརྗོད་གནང་བ་དང་ཡང་ཁོང་གིས། གལ་སྲིད་ཕྱི་འབྲེལ་བཙུགས་པ་ཡིན་ན་སླད་ཕྱིན་དངོས་གནས་ཆོས་དད་རང་དབང་མེད་པའི་སྲིད་ཇུས་དེ་ཁྲིམས་མཐུན་ཅན་དུ་གྱུར་བ་མཚོན་པ་ཞིག་རེད། ད་ལྟའི་ཆར་རྒྱ་ནག་ནང་དངོས་གནས་ཀྱི་ཆོས་དད་རང་དབང་མེད་པར་བརྟེན། ཡེ་ཤུའི་བླ་ཆེན་མཆོག་དངོས་སུ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡས་ཀྱི་ཆ་རྐྱེན་དེ་སྨིན་ཡོད་མ་རེད་ཅེས་གསུང་བཞག