འཛམ་གླིང་ནང་གསར་འགོད་པ་བཙོན་བཅུག་མང་ཤོས་བྱེད་མཁན།

ཨི་རན་དང་རྒྱ་ནག་གཉིས་ནི་འཛམ་གླིང་ནང་གསར་འགོད་པ་བཙོན་བཅུག་བྱེད་མཁན་མང་ཤོས་ཀྱི་ཡུལ་གྲུ་གཉིས་ཡིན་པའི་གནས་ཚུལ་འདུག

༄༅༎ཨི་རན་དང་རྒྱ་ནག་གཉིས་ནི་འཛམ་གླིང་ནང་གསར་འགོད་པ་བཙོན་བཅུག་བྱེད་མཁན་མང་ཤོས་ཀྱི་ཡུལ་གྲུ་གཉིས་ཡིན་པ་དེའང་ཨི་རན་ནང་གསར་འགོད་པ་མི་གྲངས་སུམ་ཅུ་སོ་གསུམ་བཙོན་བཅུག་འོག་གནས་ཡོད་པའི་སྐོར་རྒྱལ་སྤྱིའི་མཐའ་མཚམས་མེད་པའི་གསར་འགོད་ཚོགས་པའི་འབྱུང་ཁུངས་ནས་གནས་ཚུལ་སྤེལ་དོན་ལྟར་ན་ཨི་རན་གྱི་རྒྱལ་ས་ཊེ་རན་གྱི་ནང་གྲགས་ཅན་གསར་འགོད་པ་ཇི་ལ་སྦ་ནི་ཡ་གུབ་དང་ཁོང་གི་བཟའ་ཟླ་སྦེ་ཧ་མན་ཨ་ཧ་མ་རྡིན་ཨ་མོ་ཞུ་བ་ཁོང་གཉིས་དོ་དམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ་ཇི་ལ་སྦ་ནི་ཡ་གུབ་ནི་ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བེུད་ཀྱི་གསར་འགོད་ལྷན་ཚོགས་ཀྱི་བེུད་གསར་འགོད་པའི་གཟེངས་རྟགས་བཞེས་མྱོང་ཡོད་པ་ཞིག་ཀྱང་ཡིན་པ་དང་ཁོང་མོས་བེུད་ཀྱི་ཐོབ་ཐང་ཀྱི་སྐོར་དྲ་རྒྱ་སོགས་ཀྱི་ནང་གནས་ཚུལ་མང་བཏོན་གནང་མཁན་ཞིག་ཡིན་པ་རེད།

དེ་བཞིན་ཨི་རན་གྱི་ནང་གསར་འགོད་པ་གཞན་མང་པོ་འཛིན་བཟུང་བཙོན་བཅུག་འོག་གནས་ཡོད་པའི་གནས་ཚུལ་ཐོན་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org