བལ་ཡུལ་ནང་གི་སྐྱབས་བཅོལ་བ་ཚོ་འབྲུག་ཡུལ་ལ་ལོག་ཐུབ་མེད་པ།

བལ་ཡུལ་ནང་གི་འབྲུག་པ་སྐྱབས་བཅོལ་བ་ཁྲི་ཚོ་མང་པོ་འབྲུག་ཡུལ་ལ་ལོག་མ་ཐུབ་སྟབས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ལ་གནས་སྤོས་ཟིན་ཡོད་པ་རེད།

འབྲུག་ཡུལ་གྱི་རྒྱལ་ས་ཐིམ་པུ། ༢༠༠༩།༧།༩ ཀླུ་འབུམ།/RFA

བལ་ཡུལ་ནང་གི་འབྲུག་པ་སྐྱབས་བཅོལ་བ་ཁྲི་ཚོ་མང་པོ་འབྲུག་ཡུལ་ལ་ལོག་མ་ཐུབ་སྟབས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ལ་གནས་སྤོས་ཟིན་ཡོད་པ་རེད།
དེ་ཡང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔ་འབྲུག་ཡུལ་ནས་བལ་ཡུལ་གྱི་ས་ཐོག་ཏུ་གནས་སྐབས་གཞིས་ཆགས་པའི་སྐྱབས་བཅོལ་བ་འབུམ་གཅིག་ཙམ་ད་ཆ་རིམ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་སླེབས་ཏེ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད་པ་དང་། ཨ་མི་རི་ཀ་སོགས་རྒྱལ་ཁབ་མང་པོས་ཁོང་ཚོ་འབྲུག་ཡུལ་དུ་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་གྲོས་མོལ་བྱས་ཡོད་ཀྱང་འབྲུག་གཞུང་གིས། ཁོ་ཚོ་ནི་ཁྲིམས་འགལ་ཐོག་འབྲུག་ཡུལ་ནང་འཛུལ་བ་ཞིག་ཡིན་སྐོར་བཤད་དེ་མཐར་ཁོ་ཚོ་འབྲུག་ཡུལ་དུ་ཕྱིར་ལོག་ཐུབ་མེད་པའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ནས་རེས་གཟའ་ཕུར་བུའི་ཉིན་གསུང་འདུག
བལ་པོའི་སྐྱབས་བཅོལ་བ་མི་གྲངས་༨༤༠༠༠་བརྒལ་བ་ཨ་རི་དང་། Australia, Canada, Denmark, New Zealand, the Netherlands, Norway, Denmark དེ་བཞིན་དབྱིན་ཇི་བཅས་ནང་ཡོད་པའི་ནང་ནས། ཨ་མི་རི་ཀས་བལ་པོའི་སྐྱབས་བཅོལ་བ་མི་ཁྲི་ཚོ་བདུན་ལེན་གནང་ཡོད་པ་དེ་ནི་འཛམ་གླིང་ཐོག་སྐྱབས་བཅོལ་བ་མང་ཤོས་ལེན་མཁན་རྒྱལ་ཁབ་དེ་ཡིན་པ་རེད།
སྐྱབས་བཅོལ་བ་དེ་དག་ཕྱི་ལོ་༡༩༩༠ལོར་འབྲུག་ཡུལ་ནས་ཕྱིར་འབུད་བཏང་པ་ནས་བཟུང་ཁོ་ཚོ་བལ་ཡུལ་དུ་གནས་སྐབས་རིང་གཞིས་ཆགས་ནས་བསྡད་ཡོད་པ་རེད། ཨ་རིའི་ནང་སྐྱབས་བཅོལ་དུ་སླེབས་པའི་ར་ཇེ་ཟེར་བའི་སྐྱེས་ཞིག་གིས། ཁོ་རང་ཝ་ཤིན་ཊོན་དུ་ཟ་ཁང་ཞིག་ནང་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཉིན་ལྟར་ཕར་འགྲོ་ཚུར་འོངས་ལ་དུས་ཡུན་ཆུ་ཚོད་༥ཙམ་འགོར་གྱི་ཡོད་པ་དང་། ཟླ་རེ་གླ་ཆ་ཨ་སྒོར་༡༦༠༠རག་གི་འདུག དེ་ནས་ཁང་གླ་དང་གློག་རིན་སྒོར་མོ་༡༠༠༠སྤྲད་དགོས་དུས་ཁག་པོ་འདུག་ཀྱང་ཨ་རིའི་ནང་སླེབས་ཐུབ་པ་ཙམ་གྱིས་དགའ་པོ་བྱུང་། ད་དུང་ཨ་རི་གཞུང་ནས་དཔྱ་ཁྲལ་སྒོར་མོ་༥༠༠༠ཕྱིར་སློག་གནང་བྱུང་སྐྱིད་པོ་ཞེ་དྲག་བྱུང་། འདི་གར་ལམ་ལུགས་ཚང་མ་ཡག་པོ་ཞེ་དྲག་རེད་འདུག་ལ་མི་ལ་ཡིད་ཆེས་ཡོད་ན་ས་ཆ་གང་དུ་འགྲོ་བ་དང་བྱེད་བསམ་པའི་ལས་ཀ་ག་རེ་ཡིན་ནའི་བྱེད་ཆོག་གི་འདུག་ཅེས་གསར་འགོད་པར་བཤད་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org