བང་ལ་དེཤ་ཕྱོགས་འགལ་ཚོགས་པས་ངོ་རྒོལ་སྤེལ་བ།

བང་ལ་དེཤ་རྒྱལ་ས་ཌ་ཀ་གྲོང་ཁྱེར་གྱི་འཛིན་སྐྱོངས་ཁག་གཉིས་སུ་དབྱེ་འབྱེད་གྱི་ལས་འགུལ་དེར་ཕྱོགས་འགལ་ཚོགས་པ་གཏེ་བ་ངོ་རྒོལ་བྱེད་པ།

༄༅༎བང་ལ་དེཤ་རྒྱལ་ས་ཌ་ཀ་(Dacca)གྲོང་ཁྱེར་གྱི་འཛིན་སྐྱོངས་ཁག་གཉིས་སུ་དབྱེ་འབྱེད་གྱི་ལས་འགུལ་དེར་ཕྱོགས་འགལ་ཚོགས་པ་གཏེ་བ་ངོ་རྒོལ་བྱེད་ཀྱི་ཡོད་འདུག
རྒྱལ་ས་ཌ་ཀ་གྲོང་ཁྱེར་འཛིན་སྐྱོང་ལྷོ་བྱང་གཉིས་སུ་དབྱེ་འབྱེད་བྱེད་རྒྱུའི་ཐག་ཆོད་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་ལུགས་གྲོས་ཚོགས་ནང་སྲིད་བློན་ཟུར་པ་ཁ་ལི་ད་ཛི་ཡ་(Khaleda Zia) ཡི་བང་ལ་དེཤ་རྒྱལ་ཡོངས་ཚོགས་པ་(Bangladesh National Nationalist Party) གཙོས་པའི་ཕྱོགས་འགལ་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱས་ཡོད་འདུག སྲིད་བློན་ཤེཁ་ཧ་སི་ཎ་(Sheikh Hasina)མཆོག་གི་གཞུང་འཛིན་བང་ལ་དེཤ་མི་མང་མཉམ་སྦྲེལ་(Bangaladeshi Awami Leaque) ཞེས་པས་ཕྱི་ཟླ་བཅུ་པའི་ཚེས་༡༧ཉིན་གྲོང་ཁྱེར་ཌ་ཀ་དུམ་དུ་གཉིས་སུ་དབྱེ་འབྱེད་བྱེད་དགོས་དོན་འཛིན་སྐྱོང་ཚགས་ཚུད་ཡོང་ཆེད་ཡིན་ལུགས་གསལ་བཤད་བྱས་ཡོད་ཀྱང་ཕྱོགས་འགལ་ཚོགས་པས་འགྱུར་བ་དེ་ནི་གཞུང་འཛིན་ཚོགས་པས་ཆབ་སྲིད་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་པ་དང་ འགྱུར་བ་དེ་ས་གྲོང་ཁྱེར་གྱི་ཉམ་ཐག་མི་མང་ལ་ཕན་པའི་ལས་འགུལ་ཞིག་མིན་ལུགས་སྐྱོན་བརྗོད་བྱས་ཡོད་ཀྱང་གཞུང་གིས་རེས་གཟའ་མིག་དམར་ཉིན་གྲོས་ཚོགས་ནང་ཁྲིམས་འཆར་དེ་ལག་ལེན་བསྟར་རྒྱུར་ཐོག་ཆོད་བྱས་ཡོད་འདུག། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org