ཚེ་རིང་དབང་རྒྱལ་འབའ་རྫོང་ནས་གར་སོང་ཆ་མེད།
ཨ་མདོ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་འབའ་རྫོང་ནས་ཡིན་པའི་སྐུ་ཞབས་ཚེ་རིང་དབང་རྒྱལ་ཉེ་ཆར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡང་བསྐྱར་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག།
-
2012-08-22 -
-
-
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་ཚོང་ལས་གཉེར་བཞིན་པའི་ཚེ་རིང་དབང་རྒྱལ་དེ་སྔོན་གྱི་ས་གནས་བོད་མིའི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་སྟེ་ཉིན་འགའ་ཤས་རིང་འདྲི་རྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། དེ་བའི་ཆར་ཡང་བསྐྱར་ཁོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ད་ལྟ་གང་དུ་ཡོད་མེད་གསལ་ཆ་མེད་པར་ལུས་ཡོད་།
གོང་གི་ཚེ་རིང་དབང་རྒྱལ་གྱི་ཆུང་མའི་མིང་ལ་རིག་གསུམ་མཚོ་ཟེར་གྱི་ཡོད་འདུག