རྒྱ་གར་དུ་གཉེར་རྒྱུའི་རྩེད་འགྲན་ལ་ཆ་རྐྱེན་འདང་གི་མེད་ལུགས།
རྒྱ་གར་ནང་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པའི་ཡུལ་གྲུ་ཁག་གི་ལུས་རྩལ་རྩེད་འགྲན་སྤེལ་རྒྱུར་ཆ་རྐྱེན་འདེང་ངེས་མཐུན་རྐྱེན་མེད་པ།
-
2010-09-24 -
-
-
༄༅༎ཨོ་སི་ཀྲོ་ལི་ཡའི་ཨོ་ལེམ་ཕིག་རྩེད་འགྲན་ལྷན་ཁང་གི་འགན་འཛིན་ནས་རྒྱ་གར་ནང་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པའི་ཡུལ་གྲུ་ཁག་གི་ལུས་རྩལ་རྩེད་འགྲན་སྤེལ་རྒྱུར་ཆ་རྐྱེན་འདེང་ངེས་མཐུན་རྐྱེན་མེད་པ་དེ་རིང་གསུང་འདུག
ཉེ་བའི་ཆར་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་གིས་ལུས་རྩལ་རྩེད་འགྲན་པ་ཚོས་རྒྱ་གར་ནང་སྤེལ་རྒྱུའི་ལུས་བརྩལ་རྩེད་འགྲན་དེའི་ནང་བཞུགས་རྒྱུར་ལུས་རྩལ་རྩེད་མཁན་ཚོའི་སྡོད་གནས་ཆ་རྐྱེན་ཞན་པ་དང་ དེ་བཞིན་བདེ་འཇགས་ཀྱི་གནས་ཚུལ་སོགས་ཀྱིས་རྐྱེན་པས་ཕྱིར་འཐེན་བྱེད་བཞིན་ཡོད་པ་མ་ཟད་ ལུས་རྩལ་འགྲན་ཚོགས་ནང་བཞུགས་མཁན་གྱི་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་ཚོ་རིམ་པས་རྒྱ་གར་ནང་འབྱོར་བཞིན་ཡོད་པ་དང་དུས་མཚུངས་རྩེད་འགྲན་སྤེལ་འགོ་ཚུགས་ཉེར་སླེབས་ཡོད་ཀྱང་ རྒྱ་གར་གཞུང་གིས་འགྲན་རྩོད་པ་ཚོར་སྡོད་གནས་གོ་སྒྲིག་འཐུས་ཚང་མེད་པའི་ཁར་ རྩེད་འགྲན་པ་ཁག་ཅིག་སྟབས་བདེའི་མགྲོན་ཁང་ནང་གནས་སྐབས་ཀྱི་སྡོད་གནས་གོ་སྒྲིག་བྱས་ཡོད་པ་དང་ དེ་ནི་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བ་གང་ཡང་མེད་ཅིང་ ལུས་རྩལ་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུ་ཞིག་གི་ངོས་ནས་ངེས་པར་དུ་རྩེད་འགྲན་པ་ཚོའི་འཕྲོད་བསྟེན་དང་ བདེ་ཐང་ལ་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་རྒྱུ་དེ་ནི་ལས་དོན་གྱི་རྨང་གཞི་ཞིག་ཡིན་པ་རེད་ཅེས་ ཨོ་སི་ཀྲོ་ལི་ཡའི་ཨོ་ལོམ་ཕིག་རྩེད་འགྲན་ལྷན་ཁང་གི་འགན་འཛིན་ཇོན་ཁོཏ་སི་ནས་གསུང་འདུག
རྒྱ་གར་ནང་སྤེལ་རྒྱུའི་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་ཡུལ་གྲུ་ཁག་གི་རྩེད་འགྲན་ཐོག་རྩེད་འགྲན་པ་ཚོའི་སྡོད་ཁང་གི་ཆ་རྐྱེན་དང་ འཕྲོད་བསྟེན་གྱི་འགན་ལེན་ཡག་པོ་མེད་པར་བརྟེན་ནས་རྩེད་འགྲན་པ་ཁག་ཅིག་རྩེད་འགྲན་དེའི་ནང་བཞུགས་རྒྱུ་ཕྱིར་འཐེན་བྱས་ཡོད་པ་བཞིན་ ཐོག་མར་ནིའུ་ཛི་ལན་གྱི་རྩེད་འགྲན་པ་གེ་རེག་ཧེན་དྲར་སེན་གྱིས་རྩེད་འགྲན་ནང་བཞུགས་རྒྱུར་ཕྱིར་འཐེན་བྱས་ཡོད་པ་དང་ དེ་བཞིན་ཨོ་ལིམ་ཕིག་རྐང་འཁོར་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ཇེ་རེན་ཐོ་མ་སི་དང་ དེ་མིན་གྱི་རྩེད་འགྲན་གྱི་གཞན་གསུམ་ཡང་རྒྱ་གར་ནང་སྤེལ་རྒྱུའི་རྩེད་འགྲན་དེའི་ནང་ཞུགས་རྒྱུ་ཕྱིར་འཐེན་གནང་ཡོད་པ་རེད་