ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་མི་རུང་བའི་ཁོངས་གཏོགས་ཡིན།

སྐུ་ཞབས་རཱ་ཧུལ་གྷན་རྡིས་ཨ་རུ་ན་ཅལ་པཱར་རྡེཤ་ཞེས་མོན་རྟ་དབང་ཁུལ་གྱི་མངའ་སྡེ་དེ་ནི་རྒྱ་གར་གྱི་ཆ་ཤས་ཡིན་སྐོར་ཁ་ས་གསུངས་འདུག

2009.10.16

༄༅༎རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རཱ་ཧུལ་གྷན་རྡི་མཆོག་གིས་ཨ་རུ་ན་ཅལ་པཱར་རྡེཤ་ཞེས་མོན་རྟ་དབང་ཁུལ་གྱི་མངའ་སྡེ་དེ་ནི་རྒྱ་གར་གྱི་ཆ་ཤས་ཡིན་སྐོར་ཁ་ས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་མངའ་སྡེའི་ནང་ས་གནས་འོས་བསྡུ་བྱེད་འཆར་དང་བསྟུན་ནས་ཀོང་རེ་སི་སྲིད་དོན་ཚོགས་པའི་འོས་མིར་རྒྱབ་སྐྱོར་གནང་ཕྱིར་འདི་ཟླའི་ཚེས་གསུམ་ཉིན་ཕེབས་པར་རྒྱ་ནག་གཞུང་ངོས་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་དེར་ཁ་ས་ཀོང་རེ་སི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རཱ་ཧུལ་གྷན་རྡི་མཆོག་གིས་གསུངས་དོན་ལ་ཨ་རུ་ན་ཅལ་མངའ་སྡེ་དེ་ནི་རྒྱ་གར་གྱི་མངའ་སྡེ་ཞིག་རེད། ཊ་མིལ་ན་དྲུ་ཡང་རྒྱ་གར་གྱི་མངའ་སྡེ་ཞིག་རེད། ཇའར་ཁན་ཡང་རྒྱ་གར་གྱི་མངའ་སྡེ་ཞིག་རེད། ངས་རྒྱ་གར་གྱི་མངའ་སྡེ་ཚང་མར་བལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད། དེ་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད་ཅེས་ཇའར་ཁན་མངའ་སྡེའི་ནང་གཟིགས་སྐོར་ཕེབས་སྐབས་གསར་འགོད་པ་ཚོར་གསུངས་འདུག དེའི་གོང་ལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་མཆོག་གིས་ཀྱང་ཨ་རུ་ན་ཅལ་མངའ་སྡེ་དེ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་གཙོས་པའི་རྒྱ་གར་གྱི་ས་གནས་གང་དུ་ཡང་ཆིབས་བསྒྱུར་བསྐྱངས་ཆོག་པའི་རང་དབང་ཡོད་ལུགས་ཀྱང་གསུངས་ཡོད་པ་རེད་ལ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་དེང་སྐབས་རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་པཱར་ནབ་མུ་ཁར་ཇི་མཆོག་གིས་ཀྱང་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱ་གར་གྱི་སྲིད་བློན་མཆོག་མངའ་སྡེ་དེའི་ནང་ཕེབས་ཆོག་པའི་རང་དབང་ཆ་ཚང་ཡོད་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎