བཙན་བྱོལ་བོད་མིའི་དམངས་གཙོ་དང་བོད་ཀྱི་གནས་སྟངས་ངོ་སྤྲོད།

བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་གནས་སྟངས་སྐོར་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཁག་ཅིག་ལ་ངོ་སྤྲོད་ཀྱི་ཟབ་སྦྱོང་གནང་བ།

༄༅༎བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༦ཉིན་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་གནས་སྟངས་སྐོར་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཁག་ཅིག་ལ་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་བདུན་པ་དེ་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

ཟབ་སྦྱོང་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོམ་མ་ལགས་དང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ སྤྱི་འཐུས་ཡི་ཤེས་ཕུན་ཚོགས་ལགས་ རྡོ་རྗེ་གླིང་དང་ཀ་ལོན་སྦུག་སློབ་གྲའི་རེག་ཊར་དང་དགེ་རྒན་འགའ་ཤས་ རྒྱ་བལ་གཞི་རིམ་སློབ་གྲ་ཁག་གི་སློབ་ཕྲུག་བཅས་ཁྱོན་དགེ་ལས་སློབ་ཕྲུག་གྲངས་༡༠༠བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་  སྤྱི་འཐུས་ཆོས་སྐྱོངས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་དང་ལས་འཆར་ངོ་སྤྲོད་གནང་མཚམས་ སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བོད་གཞུང་གི་འཛིན་སྐྱོང་སྤེལ་གསུམ་ཐད་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ལྔ་པ་དེ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་བའི་ནང་ ཐོག་མར་ང་ཚོ་རང་ཉིད་ངོ་ཤེས་པ་བྱས་ཏེ་རང་གི་རྒྱལ་ཁབ་གང་དྲ་ཡིན་པ་དང་ དེའི་སྒྲིག་འཛུགས་ཤེས་པ་བྱེད་དགོས་ མ་འོངས་ང་ཚོ་བོད་དེ་གང་འདྲ་ཆགས་མིན་ནི་སློབ་ཕྲུག་ཚོར་རག་ལུས་ཡོད་པར་བརྟེན་ཁྱེད་རྣམས་གལ་ཆེན་པོར་བརྩིས་ཏེ་བཀའ་ཁྲི་མཆོག་གིས་ཀྱང་ཟབ་སྦྱོང་འདིར་ད་བར་ཆ་མྱོང་མེད་པར་ཟབ་ཁྲིད་གནང་བར་ཕེབས་ཀྱི་ཡོད་ ད་རེས་གཙོ་བོ་སློབ་ཕྱོག་ཚོས་དུས་ཚོད་འཕྲོ་བརླག་མ་བཏང་པར་འདི་ནས་སློབ་སྦྱོང་གི་ཉམས་མྱོང་གང་རགས་པ་དེ་དག་སོ་སོའི་སྤྱི་ཚོགས་དང་སློབ་གྲ་ འཛིན་གྲའི་སློབ་ཕྲུག་རྣམས་ལ་འགྲེལ་བཤད་བྱེད་དགོས་ཞེས་གསུང་བཤད་གནང་འདུག  ད་རེས་ཀྱི་ཟབ་སྦྱོང་འདིར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་ གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འབྲེལ་ཡོད་མི་སྣ་༣༦ཙམ་གྱི་ཉིན་དགུའི་རིང་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་དང་ བོད་ཀྱི་ཆོས་དང་རིག་གཞུང་ བོད་ནང་གི་གནས་སྟངས་དང་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org