སྐྱབས་བཅོལ་བའི་ཐོབ་ཐང་ཞེས་པའི་ཆེད་རྩོམ།
ཨ་རིའི་གཞུང་ཚབ་ཆེན་མོས་བལ་ཡུལ་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་འདུག
-
2011-11-24 -
-
-
༄༅༎བལ་ཡུལ་ནང་བཅའ་བཞུཌ་ཨ་མེ་རི་ཀའི་གཞུང་ཚབ་ཆེན་མོ་སི་ཀོཏ་ཌེ་ལི་སི་མཆོག་གིས། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་བལ་ཡུལ་གཞུང་ནས་ཡུལ་དེའི་ནང་གནས་བཞུཌ་བོད་མིའི་སྐྱབས་བཅོལ་བ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་འདུག བལ་ཡུལ་ནང་བཅའ་བཞུཌ་ཨ་རིའི་གཞུང་ཚབ་ཆེན་མོ་སི་ཀོཏ་ཌེ་ལི་སི་མཆོག་གིས་སྐྱབས་བཅོལ་བའི་ཐོབ་ཐང་ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་རྩོམ་ཞིག་ཀཐ་མན་དྲུ་ཕོ་ཉ་ཞེས་བལ་པོའི་ཚགས་པར་ནང་འདོན་སྤེལ་གནང་བའི་ནང་། ད་བར་ལོ་༥༠་ཙམ་རིང་བལ་ཡུལ་གྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བ་དང་བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་འགྲོ་རུ་བཅུག་པར་ཨ་རིའི་གཞུང་ནས་བསྡཌ་བརྗོད་ཞུ་རྒྱུ་དང༌། མི་རིགས་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཆེ་བའི་བོད་མི་སྐྱབས་བཅོལ་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྐྱབས་བཅོལ་བོད་མི་རྣམས་ལ་ཆེ་མཐོང་ཞུ་དགོས་པ་ནི་རང་དབང་ལྡན་པའི་གཞུང་འཛིན་སྤྱི་དང་ཡང་སྒོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་སྤྱི་ཚོཌ་དང་བདེ་འཇཌ་ཆབ་སྲིད་ཐོབ་ཐང་། དེ་བཞིན་གདུག་རྩུབ་མཚམས་འཇོག་བྱ་རྒྱུའི་རྒྱལ་སྤྱིའི་ཆིང་དོན་ལ་ས་རྟགས་བཀོད་མཁན་རྒྱལ་ཁབ་ཚང་མར་འགན་ཆེན་པོ་ཡོད་པའི་སྐོར་བཀོད་གནང་འདུག
ཡང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩེད་མོ་རྩེད་ཡུལ་ཞིག་མིན་ལ་ ལྷག་པར་དུ་མི་རིགས་གཅིག་དང་མི་རིགས་དེའི་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པའི་སྐྱབས་བཅོལ་བའི་གནས་སྟངས་ནི། ཨ་མེ་རི་ཀའི་ཁེ་ཕན་ལས་ཀྱང་གལ་གནད་ཆེ་བར་རྩི་བཞིན་ཡོད་ཅེས་གསུངས་པ་མ་ཟད། ཨ་རིའི་གཞུང་ངོས་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བཞིན་པ་དེ་ནི་སྤྱི་ཡོངས་ཀྱི་རིན་ཐང་དང་ཐོབ་ཐང་རྩ་དོན་སྲུང་བརྩི་དང་ལེན་ཞུས་པ་ཞིག་ཡིན་པ་ལས། རྒྱ་ནག་གཞུང་ལ་མ་དགའ་བའི་རྣམ་འགྱུར་བཏོན་པ་མིན་སྐོར་སོགས་གསུངས་འདུག།