དམག་གིས་སྐོར་བའི་ཞོ་སྟོན།
རྒྱ་གཞུང་གིས་ལྷ་སའི་འབྲས་སྤུངས་ཞོ་སྟོན་དུས་ཆེན་ཉིན་དྲག་ཆས་དམག་མིས་ཡོངས་སུ་སྐོར་ནས་བོད་མི་ཚོར་དམ་བསྒྲཌ་བྱས་འདུག
-
2013-08-07 -
-
-
༄༅། །བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ཟླ་༨ ཚེས་ ༥ནས་འགོ་བཙུགས་པའི་ལྷ་སའི་འབྲས་སྤུངས་དགོན་པའི་ཞོ་སྟོན་སྐབས། རྒྱ་ནག་གཞུང་གིས་དེ་སྔོན་དང་མི་འདྲ་བར་ལྷ་སའི་འབྲས་སྤུངས་དགོན་པའི་གཡས་གཡོན་གང་སར་དྲག་ཆས་དམག་མི་དང་། ཉེན་རྟོག་པ་འགྲེམས་འཇོག་གིས་དམ་བསྒྲགས་བྱེད་བཞིན་ཡོད་པས་མ་ཟད། དགོན་པའི་རྡོ་བཅལ་ཐང་དུ་ལྩགས་རའི་འགྲོ་ལམ་བཟོས་ཏེ། བོད་མི་རེ་རེ་བཞིན་ལུས་བཤེར་ནན་མོ་བྱེད་པ་དང་། དགོན་པའི་གོས་སྐུ་བཤམ་སའི་རི་ངོས་ཡོངས་སུ་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་གཡུལ་ས་ལྟ་བུའི་དམ་བསྒྲགས་འོག་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་དཀའ་ངལ་འཕེལ་མ་སྤྲད་འདུག ས་གནས་བོད་མི་ཞིོག་གིས་བརྗོད་དོན། བོད་མི་ཆོས་མཇལ་བ་དང་། དམག་མི་ཧ་ལམ་མང་ཉུང་མེད་པའི་ད་ཐེངས་ཀྱི་འབྲས་སྤུངས་ཞོ་སྟོན་ལ་རང་རང་སོ་སོའི་སྡོད་ཁྱིམ་དང་། ཡང་ན་ཐག་རིང་ནས་གསོལ་བ་སྨོན་ལམ་རེ་བཏབ་ནས་སྡོད་རྒྱུ་ལས། དྲག་ཆས་དམག་དང་ལྕགས་རའི་དགག་སྒོ་དེ་ཚོ་བརྒྱུད་འདོད་མི་འདུག་ཅེས་བརྗོད་བྱུང་།