སི་པེན་ཡུལ་གྱི་ཁྲིམས་ཁང་ནས་བོད་སྐོར་གསན་ཞིབ་གནང་བ།

རྒྱ་ནག་གི་དཔུང་དམག་གིས་བོད་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་པའི་གྱོད་གཞིའི་ཐོག་སི་པེན་ཡུལ་གྱི་ཁྲིམས་ཁང་ནས་གསན་ཞིབ་གནང་རྒྱུ།

༄༅༎སི་པེན་ཡུལ་གྱི་ཁྲིམས་ཁང་གིས་རྒྱ་ནག་གུང་བྲན་ཏང་གི་དཔུང་དམག་གིས་བོད་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་པའི་གྱོད་གཞིའི་ཐོག་བོད་མི་དགེ་འདུན་པ་གསུམ་གྱིས་ཁུངས་བསྐྱེལ་ར་སྤྲོད་གསན་གནང་རྒྱུ་ཡིན་པ་རེད་ བོད་རིགས་དགེ་འདུན་པ་རྣམ་པས་སི་པེན་ཁྲིམས་ཁང་གི་ཁྲིམས་དཔོན་ ཨིསི་མེལ་མོ་རེ་ནོ་ མདུན་ཁུངས་བསྐྱེལ་ར་སྤྲོད་གནང་རྒྱུ་ཡིན་པ་རེད་ ཁྲིམས་དཔོན་མཆོག་གིས་སི་པེན་གྱི་གྲོང་ཁྱེར་ མཱ་ཌིརི་ཌི་ ནང་རྟེན་གཞི་བྱས་པའི་བོད་རོགས་བསྐྱོར་ཚོགས་ཆུང་གིས་ བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ལེན་པའི་གྱོད་གཏུགས་དེར་གསན་ཞིབ་གནང་རྒྱུ་ཡིན་པ་རེད་ རེས་གཟའ་ཟླ་བའི་ཁྲིམས་གཏུགས་དེར་སི་པེན་གཞུང་གིས་གྱོད་ཡ་རྒྱ་ནག་གི་དཔོན་རིགས་རྣམ་པར་ནག་ཉེས་འགེལ་རྒྱུའི་ཐག་གཅོད་གནང་མེད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org