བོད་ནང་འབྲོག་པའི་འཚོ་བ་སྐྱེལ་མཁན་རྫོགས་ཉེན་འདུག

བོད་ཀྱི་འབྲོག་པའི་སྐོར་ལ་ཞིབ་འཇུག་གནང་མཁན་ཕྱི་རྒྱལ་བ་ཞིག་གིས་བོད་ནང་འབྲོག་པའི་འཚོ་བ་སྐྱེལ་མཁན་རྫོགས་ཉེན་ཡོད་པ་གསུངས་འདུག

སྐུ་ཞབས་Gabriel Lafitte པར། བོད་མིའི་སྒྲིག་འཛུགས།

བོད་ཀྱི་འབྲོག་པའི་སྐོར་ལ་ཞིབ་འཇུག་གནང་མཁན་ཕྱི་རྒྱལ་བ་ཞིག་གིས་བོད་ནང་འབྲོག་པའི་འཚོ་བ་སྐྱེལ་མཁན་རྫོགས་ཉེན་ཡོད་པ་གསུངས་འདུག

དེ་ཡང་Australia ཞུགས་མཁན་སྐུ་ཞབས་Gabriel Lafitte ཡིས་༡༩༧༧ལོ་ནས་བོད་མི་དང་འབྲེལ་བ་བྱུང་ཡོད་པ་དང་། ཁོས་བོད་ཀྱི་སྐོར་ལ་དཔེ་དེབ་རྩོམ་བྲིས་གནང་བ་དང་། ལྷག་པར་བོད་ཀྱི་འབྲོག་པའི་སྐོར་ལ་ཞིབ་འཇུག་གནང་ཡོད་པ་རེད།  སྐུ་ཞབས་Gabriel Lafitte ཡིས་ཞིབ་འཇུག་གི་འབྲས་བུར་ཕྱི་ཟླ་བཅིུག་པའི་ཚེས་༡༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ནང་འབྲོག་པའི་འཚོ་བ་སྐྱེལ་མཁན་རྫོགས་ཉེན་ཡོད་པའི་སྐོར་གཏམ་བཤད་གནང་ཡོད་པ་དང་། སྐབས་དེའི་གཏམ་བཤད་ཉན་བར་བཅར་མཁན་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང་ས་གནས་བོད་མི་སོགས་ཕེབས་ཡོད་ཅིང། ཁོང་གིས་བོད་ས་མཐོའི་ཐོག་འབྲོག་པའི་འཚོ་བའི་གོམས་གཤིས་དར་ནས་ལོ་ངོ་༩༠༠ ལྷག་འགྲོ་གི་ཡོད་པ་དང། འདས་ཟིན་པའི་དུས་རབས་མང་པོ་དེའི་རིང་ལ་འབྲོག་པ་དང་ཁོང་ཚོའི་སྒོ་ཕྱུགས་སེམས་ཅན་རྣམས་ཀྱི་་དབྱར་ས་དགུན་ས་གནས་སྤོས་ཏེ་འགྲོ་བའི་འཚོ་བའི་གོམས་སྲོལ་རྒྱུན་གནས་ཐུབ་ཡོད་པའི་ལོ་རྒྱུས་གསུང་པ་དང།  ལྷག་པར་དུ་ད་ལྟའི་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་བོད་ཀྱི་འབྲོག་པའི་ཁྱིམ་ཚང་དུ་འཁྲུངས་པའི་དཔེ་མཚོན་དུ་བཀོད་ནས་ཁོང་གི་ངོས་ནས་བོད་ཀྱི་འབྲོག་པ་རྣམས་ནི་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་དཔལ་ཡོན་དར་འཕེལ་གྱི་རྨང་གཞི་དང་གལ་འགངས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་དེ་བཞིན་དེང་རབས་ཅན་ཏུ་འགྱུར་རྒྱུའི་མིང་གི་ཐོག་ནས་འབྲོག་བའི་འཚོ་བའི་གོམས་གཤིས་མེད་པ་བཟོས་ཏེ་བཙན་དབང་གིས་གསར་དུ་འཛུགས་སྐྲུན་བྱས་པའི་ཁང་པའི་ནང་སྤོ་རུ་བཅུགས་ཏེ་དེ་ནི་དེང་རབས་ཅན་མངོན་འགྱུར་ཡོང་བའི་སྔོན་འགྲོའི་ལས་རིམ་པོ་དང་པོ་ཡིན་པ་ཤོད་ཀྱི་ཡོད་ཅིང། དོན་དངོས་ནི་འབྲོག་པ་མི་དམངས་ཚོ་སྐྱེས་ནས་འཚར་ལོངས་བྱུང་ནས་འབྲོག་པའི་འཚོ་བར་གོམས་གཤིས་སུ་གྱུར་བ་དེ་འགྱུར་ལྡོག་གཏོང་རྒྱུར་ཧ་ཅང་གི་དཀའ་ངལ་ཆེན་པོར་འགྱུར་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འབྲོག་པ་ཚོ་ཁང་པའི་ནང་སྤོ་རུ་བཅུག་པའི་རྗེས་ཁོང་ཚོའི་ཕྲུ་གུའི་ཆེད་དུ་སློབ་གྲྭ་དང་།  འཚོ་བའི་ཆེད་དུ་ལས་ཀ་མཁོ་སྤྲོད།  རང་དབང་གི་མི་ཚེ་སྐྱེལ་ཆོག་པའི་མ་མཐའི་རྨང་གཞིའི་ཆ་རྐྱེན་དེ་དག་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པར་བརྟེན་འབྲོག་པ་རྣམས་འཚོ་བ་སྐྱེལ་ཡུལ་མེད་པར་གྱུར་ཏེ་རྒྱ་ནག་གཞུང་གིས་འབྲོག་པ་རྣམས་ལ་ཕན་ལས་གནོད་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org