ཆོས་རིག་བཀའ་བློན་མཆོག་གིས་བྷེམ་ཇེམ་ལ་གཟིཊ་སྐོར།

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཡོ་རོབ་བྷེལ་ཇེམ་ལ་ཉིན་བདུན་རིང་གཟིགས་སྐོར་ཕེབས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཡོ་རོབ་བྷེལ་ཇེམ་ལ་ཉིན་བདུན་རིང་གཟིགས་སྐོར་ཕེབས་འདུག པར། བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཡོ་རོབ་བྷེལ་ཇེམ་ལ་ཉིན་བདུན་རིང་གཟིགས་སྐོར་ཕེབས་འདུག

དེ་ཡང་བཀའ་བློན་མཆོག་འདི་ཚེས་དགུ་ཉིན་བྭ་རྭ་སེལྶེ་Brusselsགནམ་ཐང་དུ་འབྱོར་སྐབས་ས་གནས་སྐུ་ཚབ་དོན་དངོས་གྲུབ་རྡོ་རྗེ་ལགས་དང་། བྷེལ་ཇེམ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་གཙོས་པའི་ས་གནས་བོད་མི་ཁག་ཅིག་གིས་ཕེབས་བསུ་ཞུས་གནང་འདུག ཚེས་༡༠ཉིན་ས་གནས་བོད་མི་ཚོས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་མཛད་སྒོར་བཀའ་བློན་མཆོག་མཉམ་ཞུགས་ཀྱིས་བོད་ནང་རང་སྲོག་དོར་མཁན་རྣམ་པ་ཚོའི་ཆེད་སྣང་གསལ་མར་མེ་ཞལ་ཕྱེ་གནང་འདུག འདི་ཚེས་༡༡ནས་༡༢ཉིན་གཉིས་རིང་བཀའ་བློན་མཆོག་ཁུལ་དེའི་ནང་བའི་ཆོས་ཚོགས་ཁག་ལ་གཟིགས་སྐོར་གནང་འདུག ཚེས་༡༣ཉིན་བྷེལ་ཇེམ་བོད་རིགས་མཐུན་ཚོགས་ཀྱིས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་༢༤་འཁོར་བའི་དུས་དྲན་འདུ་འཛོམས་ཐོག་བཀའ་བློན་མཆོག་སྐུ་མགྲོན་དུ་གདན་ཞུ་གནང་འདུག བཀའ་བློན་མཆོག་གིས་བོད་ཀྱི་ད་ལྟའི་བོད་ཀྱི་གནས་སྟངས་དང་། ལམ་དབུ་མའི་སྲིད་བྱུས།  བོད་ཀྱི་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐོག་བཀའ་སློབ་གནང་འདུག།  ཚེས་༡༤དང་༡༥ཉིན་བཀའ་བློན་མཆོག་བྭ་རྭ་སེལྶེ་ནང་བོད་ཀྱི་རིག་གཞུང་ཁང་དང་བོད་ཡིག་སློབ་གྲར་གཟིགས་སྐོར་དང་སྦྲགས་མང་ཚོགས་ལ་གསུང་བཤད་ཁག་གཉིས་གནང་འདུག བཀའ་བློན་མཆོག་འདི་ཚེས་༡༩ཉིན་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org